དཔའ་ལུང་རྫོང་གིས་མང་ཚོགས་ལ་གནས་སྐབས་རོགས་སྐྱོབ་དངུལ་སྒོར་ཁྲི160སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་སྟ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་མི་དམངས་མང་ཚོགས་དང་། ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱ་བ་ཡག་པོ་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱས་པ་དང་གནས་སྐབས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི159བྱིན་པ་རེད།

དཔའ་ལུང་རྫོང་གིས་ཞིང་ཆེན་དང་མཚོ་ཤར་གྲོང་ཁྱེར་གྱི་བླང་བྱ་ལྟར། དུས་ཐོག་ཏུ“གཅིག་དྲུག”གི་བྱེད་སྒོ་སྤེལ་བ་དང་། ཁ་པར་དང་། སྐད་འཕྲིན། སྒོ་རྩར་སྐྱོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ17དང་སྡེ་ཁུལ13གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་འཚོ་བར་དཀའ་ངལ་ཡོད་པའི་མི་སྣའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས། ཁོངས་གཏོགས་ཁུལ་ནང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་མཚམས་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དེ་བཞིན་རིམས་ནད་ཀྱི་རྐྱེན་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱ་དགོས། ཆད་ལུས་མི་ཡོང་བའི་འགན་སྲུང་ཏན་ཏིག་བྱ་དགོས།

སྐབས་འཕྲལ་རོགས་སྐྱོབ་ཀྱི“མཐའ་སྐྱོང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེན་ཁ་ཆེ་ཞིང་དཀའ་ངལ་ཆེ་བའི་གནས་སྐབས་ཀྱི་སྐྱོབ་རོགས་ཆ་རྐྱེན་འཛོམས་པའི་ནད་པ། “སྔོན་ལ་སྐྱོབ་རོགས”བྱེད་ཐབས་སྤྱད་དེ་སྐྱོབ་རོགས་བྱ་རིམ་སྟབས་བདེ་རུ་གཏོང་བ་དང་། ཐད་ཀར་སྐྱོབ་རོགས་བྱ་རྒྱུ་དང་། ཛ་དྲག་དང་དཀའ་ངལ་ཆེ་བའི་གནས་ཚུལ་ཞི་ལྷོད་དུ་བཏང་རྗེས། སླར་ཡང་རོགས་སྐྱོབ་བྱ་ཡུལ་དང་། རོགས་སྐྱོབ་ཀྱི་རྒྱུ་མཚན། རོགས་སྐྱོབ་ཀྱི་དངུལ་གྲངས་བཅས་ཐོ་འགོད་བྱས་ནས་འགྲོ་ལུགས་འགྲིམ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རྩ་དོན་ཐོག་ཟླ་བ་གསུམ་ནང་སྒུལ་རྣམ་དོ་དམ་བྱ་བ་སྤེལ་རྒྱུ་མིན་པ།

ད་ཡོད་ཀྱི་སྔོན་རྩིས་མ་དངུལ་བཀོད་སྒྲིག་ལེགས་འགྱུར་དང་། དམངས་ཚིས་གཏོང་སྒོ་གཙོ་གནད་གཅིག་གྱུར་འཆར་འགོད། གཏོང་སྤྲོད་གོ་རིམ་ཁུ་བསྡུ་བཅས་བྱ་དགོས། དེང་སྐབས་བར། དུས་ཚིགས་དང་པོར་ཁྱིམ་ཚང19ཡི་མི་30གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་ནང་བཅུག་པ་དང་། ཁྱིམ་ཚང404ཡི་མི842གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ནང་བཅུག་ཡོད། ཁྱིམ་ཚང14ཡི་མི15དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ནང་བཅུག་པ་རེད། རྫོང་ཡོངས་ཀྱི་ཁྱིམ་ཚང374ཡི་མི1494ལ་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་159.52སྤྲད་པ་དེས་ནད་ཡམས་ཐོན་སྐབས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་འགན་སྲུང་བྱ་བ་ཁག་ལ་སྔར་བས་སྐུལ་མ་ཐེབས་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།