2022ལོར་རང་ཞིང་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན། མཚོ་ཐོག་ཏུ་འདབ་ཆགས་ཀྱིས་གཤོག་འགྱུར་ངོམ་པ་དང་མཚོ་ནང་དུ་ཉ་མོས་འཁྱུག་རྩལ་ངོམས་པའི་མཐོ་སྒང་གི་མེ་ལོང་སྔོན་མོ་རུ་འབོད་པའི་མཚོ་སྔོན་པོའི་མཐའ་འཁོར་ཡོད་ཚད་ནི་མཛེས་སྡུག་གི་རི་མོའི་ཁ་དོག་དང་གཉིས་སུ་མ་མཆིས་པས་མི་རྣམས་ལ་ཡིད་དབང་འཕྲོག་ཡོད།། མཚོ་སྔོན་པོ་དེ་ཀྲུང་གོའི་ཆེས་མཛེས་པའི་མཚོ་མོའི་རྒྱལ་ཁབ་སྤྱི་གླིང་དུ་གསར་འཛུགས་བྱ་ཆེད། ད་ལོ་རང་ཞིང་གིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་བྱེད་སྒོ་ལག་བསྟར་བྱེད་འགོ་བརྩམས། དེ་ཡང་ཡུལ་སྐོར་བདེ་འཇགས་དང་ཚོང་རའི་ལྟ་སྐུལ་བདག་དོམ། ཕྱོགས་བསྡུས་དག་ཐེར། སྤྱོད་ཁང་གསར་སྒྱུར། ཤེས་འཇོན་ལྗོངས་ཁུལ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ལྗོངས་ཁུལ་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་པོར་སྲུང་སྐྱོབ་ལེགས་པོ་བྱས་ནས། རབ་མཛེས་དྭངས་གཙང་གི་མིང་བྱང་ལེགས་པོར་འགེབས་སྲུང་སྒོས2022ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་གསར་འཛུགས་བྱེད་རྒྱུ་བརྩོན་ལེན་བྱས།

ན་ནིང་ནས་བཟུང་། རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་ལེགས་ཆ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲ་བརྟན་བདེ་འཇགས་ཀྱི་སྒྲིབ་ཡོལ་འགན་སྲུང་རྒྱུན་འཁྱོངས་སྒོས་མཚོ་སྔོན་པོའི་མཚོ་ཆུའི་རྒྱ་དཔངས་སྤྱི་ལེ་ལྷམ་པ4549.38ལ་བུད་ཅིང་། 2018ལོ་དང་སྡུར་ན་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ20.08ཀྱིས་ཇེ་ཆེར་སོང་ཡོད་པ་རེད། ཉེན་ཚབས་ཆེ་བའི་གདོད་མའི་གཙོད་ཀྱི་ཁ་གྲངས་དེ2004ལོའི257ནས2700ལ་འཕར་ཡོད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱི་ཁ་གྲངས་དེ2002ལོའི2592ནས་ཏུན་ཁྲི9.3ལ་བུད་པས། འཕར་གྲངས་ལྡབ35.87འཕར། ད་ལྟའི་ཆར་མཚོ་སྔོན་པོའི་འདམ་ར་འདུས་པའི་གཙང་ངོས་དང་འདམ་རའི་འདམ་ས། གཙང་ངོགས་འདམ་ར། དུས་ཚིགས་རང་བཞིན་གྱི་ཆུ་གཞོང་ཐང་ཆེན། ཚྭ་ཁུལ་དང་འདམ་ར། ཚྭ་མེད་གཙང་ཆུ། གཙང་ངོགས་འདམ་ར་བཅས་ཀྱི་རྒྱ་ཁྱོན་སྤྱི་ཆིངས53600ཟིན།

དེ་ཡང་མཚོ་སྔོན་པོར་ཆེས་མཛེས་སྡུག་ལྡན་པའི་ངོ་གདོང་གསར་བ་ཞིག་མངོན་པ་དང་གཙང་བོ་དྭངས་གཙང་ཤར་ཏུ་བཞུར་བར་འགན་སྲུང་བྱ་ཆེད། ད་ལོ་རང་ཞིང་གིས《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་རིང་གི་ལས་སྒོའི་འཆར་གཞི(2020ལོ་ནས2022ལོ) 》ཞེས་པ་པར་སྐྲུན་བྱས་ཞིང་། དེའི་ནང་དུ་མཚོ་སྔོན་པོའི་འཆར་འགོད་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་། རང་བྱུང་སྲུང་སྐྱོབ་ས་ཁུལ་དག་སྒྲིག་ཕྱོགས་བསྡུས་ཡོངས་འགྲུབ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བདག་དོམ་མ་ལག་གི་གཞི་རྩའི་སྒྲོམ་གཞི་གསར་འཛུགས་བྱས་ཡོད། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་བདག་དོམ་ཅུའུ་ཡིས་འཆར་འགོད་ཇུས་གཞི་གཏན་འབེབས་བྱས་ཤིང་། 2020ལོར་སྤྱི་ཁྱབ་འཆར་འགོད་རྩོམ་སྒྲིག་ཡོངས་འགྲུབ་བྱུང་ཡོད། 2021ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རེ་འདུན་སྙན་ཞུའི་བྱ་བ་སྒྲུབ་རྒྱུ་དང2022ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཐད་ལ་དངོས་སུ་མ་དངུལ་གཏོང་རྒྱུ་ཡིན་པའི་ལོ་གསུམ་འཆར་གཞིའི་དམིགས་འབེན་གྱིས་མཚོ་སྔོན་པོ་དེར་རང་བྱུང་གི་མཛེས་པ་ལྡན་ཞིང་འཆམ་མཐུན་མཛེས་སྡུག མི་ཤེས་མཛེས་སྡུག་བཅས་ཀྱི་ཀྲུང་གོའི་ཆེས་མཛེས་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་རེད།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་སྒོས་སྐུལ་འདེད་གཏང་ཆེད། ད་ལོ་རྒྱལ་ཁབ་སྤྱི་གླིང་རེ་འདུན་སྙན་ཞུ་འགོ་གཟུགས་རྒྱུ་གཏན་ཁེལ་བྱས། མཚོ་སྔོན་པོའི་ལྗོངས་ཁུལ་བདག་དོམ་ཅུའུ་ཁྱོན་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགུལ་ཆེན་པོ་དྲུག་གི་ཁྲོད་ཟབ་ཞུགས་བྱས་ཏེ། མཚོ་སྔོན་པོའི་སྐྱེས་ཁམས་ཡུལ་སྐོར་ཐོན་ཁུངས་དག་སྒྲིག་སྒོས་མཚོ་སྔོན་པོའི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་སྒོས་རྒྱལ་ཁབ་ཀྱི་སྤྱི་གླིང་ཁོར་ཡུག་སློབ་གསོའི་ཐད་རྨང་གཞིའི་རང་བཞིན་གྱི་བྱ་བ་བསྒྲུབས་ཡོད་ལ། དེ་མིན་མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་དེ་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བཟུང་ནས། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་དུ་ཁྱོན་ཡོངས་ཡུལ་སྐོར་ཁྲོད་ཀྱི་སྲོག་ཤིང་བསྡུ་ལེན་དང་ཞབས་ཞུའི་བྱེད་ནུས་ཐོན་དུ་བཅུག དེ་ཡང་སྒྲིག་སྲོལ་ཅན་གསར་འཛུགས་དང་ཁྱད་ལྡན་ཅན་གྱི་མཚོ་སྔོན་པོའི་ཞབས་ཞུའི་རྟེན་གཞི། ཡུལ་སྡེའི་ཡུལ་སྐོར་ཐོན་ཁུངས་རོགས་འདེགས། གསབ་སྦྱོང་ཞབས་ཞུ། མང་ཚོགས་ལ་སྣེ་ཁྲིད་དེ་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ཁུངས་དང་ཡུལ་སྐོར་ཞབས་ཞུའི་ལས་རིགས་སྤེལ་ནས། ཡོང་འབབ་འཕར་སྣོན་ཐད་ལ་བརྒྱུད་རིམ་ངེས་ཅན་ཞིག་བསྐྲུན་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།