ད་ལོར་བདེ་འཇགས་སྡོད་ཁང་བཟོ་སྐྲུན་གྱིས་ཁྱིམ་ཚང་ཁྲི5ལྷག་ལ་ཁེ་ཕན་བསྐྲུན་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས14ཉིན། གསར་འགོད་པས་རང་ཞིང་གིས་བསྡུས་པའི་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་འཇགས་གནས་སྡོད་བཟོ་སྐྲུན་ལས་དོན་གསབ་སྦྱོང་བརྙན་རིས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་རང་ཞིང་གིས་མཁར་གྲོང་གི་གཞིས་ཁུལ་རྙིང་བ450ལ་ལེགས་བཅོས་བྱེད་རྒྱུ་གཏན་ཁེལ་བྱས་ཤིང་། སྡོད་དམངས་ཁྱིམ་ཚང5ལ་འབྲེལ་བ་དང་ཁྱིམ་ཚང467ལ་སྡོད་ཁང་གླ་གཏོང་ཁ་གསབ་བྱིན་ཡོད་པ་རེད། ཉེ་ལམ། རང་ཞིང་གིས་གསར་དུ་པར་སྐྲུན་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྤྱི་གཞུང་གླ་གཏོང་སྡོད་ཁང་གི་བདག་དོམ་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ》གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་གཞུང་གླ་གཏོང་སྡོད་ཁང་གི་འཛུགས་སྐྲུན་དང་བསྡད་ཆོག་གི་ཆ་རྐྱེན། བགོ་བཤའ། ཕྱིར་འབུད་དང་ལས་གཉེར། སྡོད་ཁང་གླ་གཏོང་ཁ་གསབ་སྟེར་བ་སོགས་ཀྱི་བདག་དོམ་ཐད་ལ་དབྱེ་མཚམས་གཏན་ཁེལ་གསལ་བོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་གནས་སྡོད་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་ངེས་ཅན་བྱས་ཡོད།

སྔར་ལས་ལྷག་པའི་སྒོ་ནས་སྤྱི་གཞུང་གླ་གཏོང་ལས་གཉེར་བདག་དོམ་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་ཆེད། ནུས་ཤུགས་གང་ཡོད་སྒོས་མཁར་གྲོང་གི་གཞིས་ཁུལ་རྙིང་བར་་བཅོས་སྒྱུར་བྱེད་པའི་བྱ་བར་སྐུལ་འདེད་བཏང་། ཟླ5ཚེས13ཉིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཁུལ་སོ་སོའི་གྲོང་ཁྱེར་དང་རྫོང་། ཆུས། སྲིད་འཛིན་ས་ཁུལ་བཅས་སུ་མཁར་གྲོང་ལ་འགན་སྲུང་རང་བཞིན་གྱི་གནས་སྡོད་བཟོ་སྐྲུན་ལས་དོན་གསབ་སྦྱོང་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས། ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་བརྒྱུད་གཙོ་བོ་གསར་དུ་བཟོ་བཅོས་ཞུ་དག་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྤྱི་གཞུང་གླ་གཏོང་སྡོད་ཁང་གི་བདག་དོམ་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ》གཞིར་བཟུང་ཡོད་ལ། དེ་མིན་མཁར་གྲོང་གི་གཞིས་ཁུལ་རྙིང་བར་བཅོས་སྒྲིག་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་འཆར་གཞིའི་ལས་འགན་བཀོད་སྒྲིག་བྱེད་པའི་གནས་ཚུལ་ཐད་ལ་ཀློག་འགྲེལ་བྱས་ཡོད། 2020ལོར་རྩིས་ལེན་ཞིབ་བཤེར་གྱིས་ཤེས་རྟོག་བྱུང་བའི་གན་དོན་དག་ཐེར་བྱ་བའི་ཐད་ལ་ཐབས་ཇུས་བཀོད་སྒྲིག་བྱས། ཐེངས་འདིའི་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་འཇགས་གནས་སྡོད་བཟོ་སྐྲུན་ལས་དོན་གྱི་བརྙན་རིས་གསབ་སྦྱོང་འཛིན་གྲྭ་ནི། རང་ཞིང་གི་སྤྱི་བའི་གླ་གཏོང་ཁང་བའི་ཚོང་གཉེར་བདག་དོམ་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད་ཡིན་ལ། ནུས་ཤུགས་གང་ཡོད་སྒོས་མཁར་གྲོང་གི་གཞིས་ཁུལ་རྙིང་བར་བཅོས་སྒྱུར་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་ལ་སྐུལ་འདེད་བཏང་། ཚང་མར་རོགས་རམ་སྒོས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་གཞུང་གླ་གཏོང་སྡོད་ཁང་གི་བདག་དོམ་དང་གླ་གཏོང་ཁ་གསབ་སྟེར་རྒྱུར་རྒྱུས་ལོན་གསལ་བོ་བྱས་ཏེ། མཁར་གྲོང་གི་གཞིས་ཁུལ་རྙིང་བའི་བཅོས་སྒྱུར་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱ་བའི་བསམ་གཞིག་གཙང་སེལ་སྒོས། བྱ་བའི་ནུས་པ་འཕར་སྣོན་སྒོས་རིམ་པ་སོ་སོའི་བྱ་བར་དོན་དངོས་ཐོག་སྐུལ་འདེད་བཏང་ཡོད་པ་རེད།

འགན་སྲུང་རང་བཞིན་གྱི་གནས་སྡོད་བཟོ་སྐྲུན་གྱིས་ནི། གཅིག་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་ཞན་ཆར་ཁ་གསབ་དང་གྲོང་ཁྱེར་གྱི་གོ་དོན་ཟབ་པའི་སྤུས་ཚད་ཀྱི་བྱེད་ཐབས་གལ་ཆེན་མཐོར་འདེགས་སུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཉེར་མཁོའི་རེ་བ་བསྐངས་པ་རེད་ལ། དེར་མཐུད་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་གཞིས་ཁུལ་རྙིང་བའི་བཅོས་སྒྱུར་ཁྱབ་ཁོངས་དང་ནང་དོན། ཚད་གཞི་བཅས་གཞིར་བཟུང་སྟེ། བཅོས་སྒྱུར་བྱ་བའི་གཅིག་གྱུར་སྙོམས་སྒྲིག་གསར་འཛུགས་ངང་བཅོས་སྒྱུར་བྱ་བའི་མ་དངུལ་ཡང་ཐུན་མོང་གིས་འགན་ལེན་བྱས་ཏེ། སྲང་ལམ་ལ་བདག་དོམ་བྱེད་པ་དང་གཞིས་ཁུལ། གཞིས་ཁུལ་སྡོད་དམངས་བཅས་ཀྱིས་ཧུར་ཐག་སྒོས་བྱེད་ནུས་ཐོན་དུ་བཅུག་ནས། རྣམ་གྲངས་ཀྱི་ཆོག་མཆན་འགྲོ་ལུགས་སྟབས་བདེ་ཅན་ཏུ་བཏང་སྟེ། ལྟ་སྐུལ་བདག་དོམ་ཆེས་ཆེར་བཏང་ནས་ནུས་ཤུགས་གང་ཡོད་སྒོས་མཁར་གྲོང་གི་གཞིས་ཁུལ་རྙིང་བའི་ཞིག་གསོ་བྱ་བར་སྐུལ་འདེད་བཏང་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།