མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཞིང་ལས་ཚད་ལྡན་ཅན་གྱི་དཔེར་མཚོན་ས་ཁུལ70གསར་འཛུགས་བྱས་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་ཚད་ལྡན་ཅན་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱིས་པར་སྐྲུན་འགྲེམས་སྤེལ་བྱས་པའི་སྐབས་དགུ་པའི་རྒྱལ་ཁབ་ཞིང་ལས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ་གྱི་དམིགས་འབེན་ཚད་ལེན་དཔྱད་ཞིབ་ཚད་ལྡན་མིང་ཐོ་དང་། རང་རྒྱལ་གྱི་རྒྱལ་ཁབ་གཙང་གསུམ་ས་ཁུལ་ས་ནག་ཐང་ལེགས་བཅོས་ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཁུལ། རྒྱལ་ཁབ་ཞོག་ཁོག་འདེབས་འཛུགས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ། རྒྱལ་ཁབ་སྲང་སྲན་འདེབས་འཛུགས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ། རྒྱལ་ཁབ་ཀྱི་དམར་ཕྱིའི་སྒོག་ཆེན་འདེབས་འཛུགས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ། རྒྱལ་ཁབ་ལུང་མདོའི་སུར་པིན་རིང་མོ་འདེབས་འཛུགས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ། རྒྱལ་ཁབ་སྲིང་སྲན་ཕྱི་ཁེབས་འདེབས་འཛུགས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ། རྒྱལ་ཁབ་ནོར་གནག་གནད་འཁེལ་དབུལ་སྐྱོར་ཞིང་ལས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ་སོགས་དཔེ་སྟོན་ས་ཁུལ7ལ་དམིགས་འབེན་ཞིབ་བཤེར་ཆོག་མཆོན་ཐོབ། དེའི་སྐབས་རང་ཞིང་གིས་རྒྱལ་ཁབ་རིམ་པའི་ཞིང་ལས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ་རིམ་པ་དགུ་པའི་ས་ཁུལ70གསར་འཛུགས་བྱེད་རྒྱུ་རེད། དཔེ་སྟོན་ས་ཁུལ་འདི་དག་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཐུབ་པ་མ་ཟད། ཞིང་གྲོང་དར་རྒྱས་འཐབ་ཇུས་ལ་རོགས་རམ་བྱེད་ཐུབ་པས། རང་ཞིང་གི་ཞིང་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཞིང་བའི་ཡོང་སྒོ་འཕར་སྣོན་ཐད་ལ་ཧུར་ཐག་གི་བྱེད་ནུས་ངེས་ཅན་ཞིག་ཐོན་འདུག

རིམ་པ་འདིའི་རྒྱལ་ཁབ་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཁུལ་དེ་སྔོ་ཚོད་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་སླར་གསོ། གནད་འཁེལ་དབུལ་སྐྱོར་སོགས་ཀྱི་ཁོངས་སུ་གཏོགས། འཛུགས་སྐྲུན་དུས་ཡུན་ནི་ལོ་གསུམ་སྟེ2017ལོ་ནས2019ལོའི་བར། ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་ལས་འགན་བྱེད་ནུས་འདོན་སྤེལ་གང་ལེགས་ཐུབ་པ་དང་། ཤུགས་ཆེན་པོའི་སྒོ་ནས་ཞིང་ལས་ཚད་ལྡན་ཅན་ཏུ་གཏོང་བའི་འཐབ་ཐུས་བླང་བྱ་གཞིར་བཟུང་སྟེ། རྒྱལ་ཁབ་ཀྱི་གཏན་འབེབས་རྣམ་གྲངས་བརྩོན་ལེན་སྒོས་ཞིང་ལས་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ལས་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ཚད་ལྡན་ལག་བསྟར་ལ་ཤུགས་སྣོན་དང་ཚད་ལྡན་ཞབས་ཞུ་གསར་གཏོད་སྒོས་ཞིང་ལས་ཚད་ལྡན་ཅན་གྱི་འཕེལ་རྒྱས་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་པ་རེད།

འཛུགས་སྐྲུན་བྱ་བའི་བརྒྱུད་རིམ་ཁྲོད། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་མཛུབ་སྟོན་དང་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས་རྣམ་གྲངས་འགན་སྒྲུབ་ལས་ཁུངས་དག་གིས། 《རྒྱལ་ཁབ་ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཁུལ་བདག་དོམ་བྱེད་ཐབས》ཀྱི་རེ་འདུན་བླང་བྱ་གཞིར་བཟུང་སྟེ། ཚད་ལྡན་མ་ལག་འཐུས་ཚང་ཅན་གསར་འཛུགས་བྱས་ཏེ། བརྒྱུད་རིམ་ཧྲིལ་བོའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་བདག་དོམ་དངོས་སུ་ལག་བསྟར་སྒོས་ཚད་ལྡན་ཅན་གྱི་ཆེད་དོན་བརྗོད་བྱའི་ནང་དོན་ལ་གསབ་སྦྱོང་བྱས་ནས། དཔེ་སྟོན་ཁྱིམ་ཚང་དག་གིས་ཚད་ལྡན་ཅན་གྱི་ཚན་རྩལ་འདེབས་འཛུགས་དང་གསོ་སྤེལ་གཞིར་བཟུང་ནས་མཛུབ་སྟོན་རོགས་སྒྲུབ་གནང་། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཐོན་ཚད་ལོ་རེ་བཞིན་མཐོར་འདེགས་སུ་སོང་ཡོད་པས། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོབ་དུ་བཅུག་སྟེ། དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས་དེ་སྔོན་དཔག་འཛུགས་སྐྲུན་གྱི་དམིགས་འབེན་དང་དཔེ་སྟོན་ཕན་འབྲས་ལས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ལ། དཔེར་ན་རྒྱལ་ཁབ་ནོར་ནག་གནད་འཁེལ་དབུལ་སྐྱོར་ཚད་ལྡན་ཅན་དཔེ་སྟོན་ས་ཁུལ་གྱིས་མཚོ་སྔོན་གྱི་ནོར་གནག་ཁྱད་ལྡན་ཐོན་ལས་ལ་གཞི་བཅོལ་ནས། ནོར་ནག་བདག་དོམ་གྱི་ཚད་ལྡན་ཅན་གསོ་སྤེལ་བྱ་བའི་རྣམ་གཞག་གསར་བ་གསར་འཛུགས་སྒོས་འབྲོག་དམངས་གསོ་སྤེལ་གྱི་ཉེན་ཁ་དེ་ཁེ་ལས་ཀྱིས་འགན་ལེན་བྱེད་པ་དང་། ཁེ་ཕན་ནི་འབྲོག་དམངས་དང་ཁེ་ལས་གཉིས་ཀྱིས་མཉམ་སྤྱོད་བྱེད་པ། དེ་དང་ཆབས་ཅིག ས་གནས་རོང་འབྲོག་མི་དམངས་ལ་ལས་ཞུགས་ལས་རྐང25མཁོ་སྤྲོད་བྱེད་པ། ཉེ་འཁོར་གྱི་འབྲོག་པ་མང་ཚོགས་དབུལ་ཐར་ལ་སྣེ་ཁྲིད་འོག་དཔེ་སྟོན་ས་ཁུལ་གྱིས་སྔ་གཞུག་ཏུ་ནོར་གནག8152གསོ་སྤེལ་དང་། དེའི་ཁྲོད་ཁྲོམ་ར་ལ་ཕྱིར་འཚོང་བྱས་པའི་ཁ་གྲངས5974ཡིན་པས། 2019ལོར་གསར་དུ་འཕར་བའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི700ལ་སླེབས། དཔེ་སྟོན་ས་ཁུལ་གྱིས་ས་གནས་ཞིང་བ་དག་ལས་འདེབས་འཛུགས་གཟན་རྩྭ་སོགས་ཉོ་བསྡུ་བྱས། ལོ་རེར་ས་གནས་དེའི་ཞིང་བ་དག་གི་ཡོང་འབབ་སྒོར་ཁྲི276ཡིན་པས། རྒྱལ་ཁབ་ནོར་ནག་གནད་འཁེལ་དབུལ་སྐྱོར་ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱིས་ནོར་གནག་ཐོན་ལས་ལ་དབུལ་སྐྱོར་དང་དཔེ་སྟོན་གྱི་བྱེད་ནུས་ཐོན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།