ཡུལ་ཤུལ་ཁུལ་གྱིས་དབྱར་ཚིགས་ཀྱི“3•15”ཡི་དྲིལ་སྒྲོག་ཞབས་ཞུའི་བྱ་འགུལ་སྤེལ་བ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས12ཉིན། ཡུལ་ཤུལ་ཁུལ་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས“ང་ཚོས་སྟོབས་ཤུགས་གཅིག་བསྡུས་བྱ”ཞེས་པ་བརྗོད་དོན་དུ་བཟུང་སྟེ། དབྱར་ཚིགས་ཀྱི“3•15”ཡི་དྲིལ་སྒྲོག་ཞབས་ཞུའི་བྱ་འགུལ་སྤེལ་བ་རེད། བརྗོད་དོན་གཙོ་བོ་དྲིལ་སྒྲོག་དང་གཟེངས་བསྟོད་མཚན་བྱང་གནང་བ། ཁྲིམས་འཛིན་ཞིབ་བཤེར། མཛད་སྤྱོད་རྟོག་ཞིབ། གཅིག་བསྡུས་ཕྱིར་འཚོང་རྨེག་མེད། ཆེད་དོན་བཞུགས་མོལ་གྲོས་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མཛད་སྤྱོད་པས་དཀའ་གནད་བསྡུ་རུབ་དང་སྤྱི་ཚོགས་ཀྱི་གཅིག་མཐུན་འདུ་ཤེས་གཅིག་བསྡུས་སྒོས་ཁེ་དབང་སྟོབས་ཤུགས་མཉམ་གནས་གྲུབ་ཏུ་བཅུག་པས། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་སྔར་ལས་ལྷག་པའི་སྒོ་ནས་མཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ཐད་ལ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད།

ཡུལ་ཤུལ་ཁུལ་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་དང་མཛད་སྤྱོད་མཁན་གྱི་མཐུན་ཚོགས་རྩ་འཛུགས་ཀྱིས་དམངས་ཚིས་དང་སྨན་བཅོས། བདེ་འཇགས། དངུལ་རྩ། བརྡ་འཕྲིན་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ལས་ཁུངས43ཁམས་པའི་སྒྱུ་རྩལ་ལྟེ་གནས་ཐང་ཆེན་དུ་དྲིལ་སྒྲོག་བྱེད་སྒོ་ལ་མཉམ་ཞུགས་བྱས་པ་རེད། ཡུལ་དངོས་ཀྱིས་ས་གནས་ཀྱི་རབ་མཛེས་མཚོ་སྔོན་ནི་ཡིད་རྟོན་བྱས་ཆོག་པའི་མཛད་སྤྱོད་ཞེས་པའི་དཔེ་སྟོན་ལས་ཁུངས་གསར་འཛུགས་དང་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་མཛད་སྤྱོད་ཁེ་དབང་མི་སྣ། ཡིད་རྟོན་དཔེ་སྟོན་ཁེ་ལས། ཡིད་རྟོན་དཔེ་སྟོན་ཚོང་གཉེར་ཁང་། གསོལ་ཚིགས་ལས་རིགས་ཀྱི་ཡིད་རྟོན་དཔེ་སྟོན་ཁང་། དེ་མིན་རིམས་འགོག་དུས་སྐབས་ཞལ་འདེབས་སུ་གནང་བའི་དངོས་ཟོག་གིས་བརྩེ་སེམས་རིམས་འགོག་ཁེ་ལས་སོགས་ཀྱི་མཚན་བྱང་གནང་། བྱ་འགུལ་ཡུལ་དངོས་སུ་ཟས་རིགས་དང་དུ་ཆང་། སྨན་རྫས། དྲོད་གྲང་མཇལ་ཆས་སོགས་རིགས་མི་འདྲ་བའི་ཚོང་རྫས་དག་གི་བདེན་རྫུན་ངོས་འཛིན་ས་ཁུལ་དང་སྤྱི་དམངས་འདྲི་རྟོག་སྟེགས་བུ། མཛད་སྤྱོད་མཁན་གྱི་ཞུ་གཏུག་བྱེད་ཡུལ་སོགས་བཀོད་སྒྲིག་བྱས་ཏེ། དཔྱད་གཞིའི་ཡིག་ཆ་འདོན་སྤེལ་དང་འདྲི་རྟོག་དང་ལེན། བདེན་རྫུན་ཞིབ་སྡུར། མཛད་སྤྱོད་མཛུབ་སྟོན་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཡོངས་ཁྱབ་སྒོས《མཛད་སྤྱོད་མཁན་གྱི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》དང《ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས།》 《ཟས་རིགས་ཀྱི་བདེ་འཇགས་བཅའ་ཁྲིམས》སོགས་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས། དེ་དང་ཆབས་ཅིག་ཚོང་རྫས་རྫུན་མས་བཀང་བའི་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཁྲིམས་འཛིན་རླངས་འཁོར་ཆེན་པོ2གྱིས་གྲོང་སྐོར་སྐོར་གཡེང་བྱེད་བཞིན་ཡོད་ལ། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། འོས་འགན་ལྟ་སྐུལ་མི་སྣ། སྤྱི་ཚོགས་ལས་རིགས་སོ་སོའི་བདེན་དཔང་འོག་ཁྲིམས་འཛིན་མི་སྣ་དག་གིས་གཞུང་བཞེས་བྱས་པའི་ཚོང་རྫས་རྫུན་མ་དག་གཅིག་བསྡུས་སྒོས་རྨེག་མེད་དུ་བཏང་པ་རེད།

ཡུལ་ཤུལ་ཁུལ་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་དང་མཛད་སྤྱོད་མཁན་མཐུན་ཚོགས་ཀྱིས་ཁུལ་སྲིད་གཞུང་དང་ཞིང་ཆེན་མཛད་སྤྱོད་མཁན་མཐུན་ཚོགས་ཀྱི་འགོ་ཁྲིད། དེ་མིན་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་དང་འོས་འགན་ལྟ་སྐུལ་བདག་དོམ་མི་སྣ་བཅས་གདན་འདྲེན་ཞུས་པ་བརྒྱུད། ལྟ་བ་དང་རྩད་གཅོད། འདྲི་རྟོག ཁ་བརྡ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ། སྒོ་རྩིས་ཁང་དང་སྔོ་ཚོད་ཁང་། སྨན་རྫས་ཁང་། མགྲོན་ཁང་སོགས་ཡུལ་དངོས་དག་ལ་མཛད་སྤྱོད་ཆོད་སེམས་དར་སྤེལ་དང་ལས་འགོ་བསྐྱར་ཚུགས་ལ་རོགས་སྒྲུབ་བྱེད་པའི་མཛད་སྤྱོད་ཞིབ་བཤེར་བྱེད་སྒོ་སྤེལ། ཡུལ་ཤུལ་ཁུལ་གྱི་དབྱར་རྩྭ་བརྐོ་བའི་ཡང་སྔོན་དུ་མཛད་སྤྱོད་བྱ་བར་མཛུབ་སྟོན་ལེགས་པོ་བྱེད་པ་དང་། ཁྲོམ་རའི་བརྗོད་དོན་གཙོ་བོའི་ལས་འགོ་བསྐྱར་ཚུགས་ཕྱིར་འཚོང་བྱ་བར་རྒྱབ་སྐྱོར། ཚོང་གཉེར་མཁན་གྱི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཆེས་ཆེར་གཏོང་བ་བཅས་ཀྱི་ཐད་ལ་ཧུར་ཐག་གི་བྱེད་ནུས་ཐོན་པར་བྱས། དེ་ལས་གཞན་མཛད་སྤྱོད་པའི་ཁེ་དབང་མཐུན་ཚོགས་ཀྱི་ཐུན་མོང་གར་སྟེགས་བཅོས་སྐྱོང་འདོན་སྤེལ་ཐད་ཀྱི་ཆེད་དོན་ཐད་ལ། མཛད་སྤྱོད་མཁན་གྱི་ཁེ་དབང་སྲུང་སྐྱོབ་བྱ་བའི་ཆེད་དོན་བཞུགས་མོལ་གྲོས་ཚོགས་བསྡུས་པ་བརྒྱུད། ཁེ་ལས་རང་རྟོག་གསར་འཛུགས་སྒོས་མཛད་སྤྱོད་མཁན་གྱི་ཟབ་ཞུགས་དང་སྤྱི་ཚོགས་ལྟ་སྐུལ་ཞིབ་བཤེར། སྲིད་གཞུང་གི་ལྟ་སྐུལ་བདག་དོམ་བཅས་ཀྱི་མཛད་སྤྱོད་ཁེ་དབང་ཐད་ལ་སྒྲིག་གཞི་གསར་བའི་བསམ་བློ་གསར་འབྱེད་བྱས་པ་ཡིན།

བྱ་འགུལ་གྱི་ཉིན་མོ་དེར་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་མ་ལག་གིས་དངོས་རྫས་རྫུན་མ་ཏུན35ལྷག་རྨེག་མེད་དུ་བཏང་པ་དང་སྤྱིའི་རིན་ཐང་སྒོར་ཁྲི40ལྷག་ལ་བུད་ཡོད། དྲིལ་སྒྲོག་ལག་དེབ་ཁྱོན་བསྡོམས59700བཀྲམས་པ་དང་འཕྲེད་དར་འཕྲེད་བྱང148 འགྲེམས་སྟོན་འགྲེམས་བྱང72 འདྲི་རྟོག་དང་ལེན་མི་སྣ་ཁྲི1 བཅས་ཀྱིས་མཛད་སྤྱོད་མཁན་གྱི་ཁེ་དབང་འདུ་ཤེས་དང་ཚོང་གཉེར་མཁརན་གྱི་ཡིད་རྟོན་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་བདེ་འཇགས་མཛད་སྤྱོད་དང་སེམས་བདེའི་མཛད་སྤྱོད་ཀྱི་མཁའ་དབུགས་ལེགས་པོ་ཞིག་གསར་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།