མཚོ་སྔོན་གྱིས་དབྱར་རྩྭའི་ཚན་རིག་ཞིབ་འཇུག་ཐད་ལ་གྲུབ་འབྲས་གསར་པ་བླངས་པ།

རང་རེའི་དྲ་བའི་འཕྲིན། དབྱར་རྩྭ་དགུན་འབུ་ནི་མཚོ་སྔོན་གྱི་ནོར་བུ་རྣམ་གསུམ་ཁྲོད་ཀྱི་གཅིག་ཡིན་པས། ཉེ་ལམ་རང་ཞིང་གིས་མཚོ་སྔོན་གྱི་ཐོན་ལས་ས་ཁུལ་གཙོ་བོའི་དབྱར་རྩྭ་དགུན་འབུའི་ཚན་རིག་ཞིབ་འཇུག་ཐད་ལ་གྲུབ་འབྲས་གསར་པ་མངོན་ཡོད། མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུའི་འདེབས་འཛུགས་སྤུས་ཚད་ཐོན་ཁུངས་མཛོད་ཀྱིས་གསར་འཛུགས་བྱས་པའི་འབུ་སྲིན་ཤ་མོའི་མཐུན་ཚོགས་ཞིབ་འཇུག་གི་རྣམ་གྲངས་ཀྱིས་ཚད་ལེན་ཞིབ་བཤེར་བསྡུ་ལེན་དང་གྲུབ་འབྲས་བྱ་བར་གདེང་འཇོག་ཆེན་པོ་བྱས། རྣམ་གྲངས་དེས་མ་ལག་རང་བཞིན་གྱི་སྒོ་ནས་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་སྐྱེ་ཁམས་ཐོན་ཁུངས་གཞན་སྒྱུར་དང་མི་མངོན་པའི་གཏིང་རིམ་གྱི་ལྟ་ཞིབ་ཚད་ལེན། དཔྱད་འཇོག་བཅས་ལས་འབུ་མེ་ལྕེབས་ཀྱི་རྒྱུད་རྒྱུན་སྣ་མང་རང་བཞིན་ཅན་གྱི་དཔྱད་འཇོག་ཡོངས་འགྲུབ་བྱས་ཡོད།

རྣམ་གྲངས་དེས་རང་ཞིང་གི་ཡུལ་ཤུལ་དང་མགོ་ལོག རྨ་ལྷོ་སོགས་ཐོན་ལས་ས་ཁུལ་གཙོ་བོ6གི་དབྱར་རྩྭ་དགུན་འབུའི་མ་དཔེ་བསྡུ་རུབ་བྱས་ཏེ། ཆེས་ཐོག་མར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་འདེབས་འཛུགས་སྤུས་ཚད་ཀྱི་ཐོན་ཁུངས་མཛོད་དང་ཐོན་ཁུངས་གཞི་གྲངས་ཀྱི་བརྡ་འཕྲིན་མ་ལག་གསར་འཛུགས་བྱས་ཡོད་ལ། དེ་མིན་རང་ཞིང་གི་དབྱར་རྩྭ་དགུན་འབུའི་ཐོན་ལས་ས་ཁུལ་དང་གནམ་གཤིས་གཞི་རྒྱུ། གནས་རྟེན་འབུ་སྲིན། འགོས་རིམས་སྨྲར་སྲིན་དང་ཁྱད་ལྡན་གོ་རིམ་སོགས་ཀྱི་ཐད་ལ་དག་སྒྲིག་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་མ་ལག་རང་བཞིན་གྱི་སྒོ་ནས། རང་ཞིང་གི་དབྱར་རྩྭ་དགུན་འབུའི་འདེབས་འཛུགས་སྤུས་ཚད་ཐོན་ཁུངས་ཀྱི་བེད་སྤྱོད་མཁོ་སྤྲོད་ཐད་ཀྱི་གཞི་འཛིན་ས་རྩད་གཅོད་དང་ཚན་རྩལ་བྱེད་ཐབས་བཀོལ་ནས་འཆར་གཞི་ལྡན་པ་དང་གོ་རིམ་ཡོད་པ། དམིགས་འབེན་ཡོད་པ། བྱེད་ཐབས་ལྡན་པ་བཅས་ཀྱི་སྒོ་ནས་མུར་བསྟུན་དང་མ་ལག་རང་བཞིན་གྱིས་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་གནས་འགྱུར། མི་མངོན་རིམ་འགྱུར་གྱི་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག ཁོར་ཡུག་གི་རྨང་གཞིའི་གཞི་གྲངས་བསྡུ་རུབ། ཐོན་ཚད་ཀྱི་འགུལ་རྣམ་འགྱུར་ལྡོག་ལ་དབྱེ་ཞིབ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དབྱར་རྩྭ་བརྐོ་བའི་གཏན་འགོག་ས་ཁུལ་དབྱར་རྩྭ་བསྐོ་སའི་ཡུལ་ལ་ཚད་བཀག་བཟོས་པས། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཚོང་རྟགས་དང་དབྱར་རྩྭ་འི་ཐོན་ཁུངས་སྲུང་སྐྱོབ། རྩྭ་ཐང་གི་སྐྱེ་ཁམས་དྲིལ་སྒྲོག་སོགས་ཀྱི་ཐད་ལ་བྱེ་བྲག་གི་གོ་དོན་ངེས་ཅན་ལྡན་པ་རེད།

རྣམ་གྲངས་དེའི་རྨང་གཞི་ནི་དབྱར་རྩྭ་དགུན་འབུ་རིགས་མི་འདྲ་བ5ཡི་རྒྱུད་རྒྱུན་བརྡ་འཕྲིན་གྱི་ཧེ་བག་བརྒྱུད། གཞི་རྒྱུའི་ཚོགས་པའི་ཆུ་ཚད་ལས་ས་ཁུལ་མི་འདྲ་བ་དག་གི་འདུས་སྡོད་ཚོགས་སྤྱིའི་བར་དང་ས་ཁུལ་གཅིག་མཐུན་གྱི་གནས་ཡུལ་མི་འདྲ་བ་སོ་སོའི་རྒྱུད་རྒྱུན་རིགས་བཀར་འབྲེལ་བ་བརྒྱུད། ས་ཁུལ་མི་འདྲ་བ་དག་གི་དབྱར་རྩྭ་དགུན་འབུའི་རྒྱུད་རྒྱུན་རིམ་འགྱུར་གོ་གནས་ལ་འགྲེལ་བརྗོད་གསལ་བོ་གནང་ཞིང་། རང་བྱུང་ལྡེམ་ཤུགས་དང་ལྡེམ་ཤུགས་ཕྱེད་མའི་རིགས་མི་འདྲ་བའི་སོན་སྣོད་ཐུམ་རྡུལ་དང་སོན་སྣོད་ཤིང་འབྲས་ལ་ཞིབ་འཇུག་བྱས་མཐར། གཞུང་རྟ་གཅིག་པའི་དབྱར་རྩྭ་དགུན་འབུའི་རིགས་མི་འདྲ་བའི་སོན་སྣོད་ཐུམ་རྡུལ་ལ་སྣ་མང་གཞི་རྒྱུའི་རང་བཞིན་ལྡན་པ་ཤེས་རྟོག་བྱུང་། དབྱར་རྩྭ་དགུན་འབུའི་གྲུབ་ཚུལ་ནི་ཕྲ་ཕུང་ཉིང་རྡུལ་ཁྱད་པར་ཅན་ཞིག་སྟེ། གཞི་རྒྱུ་སྣ་མང་འཚོལ་ཞིབ་སྒོས་དབྱར་རྩྭ་དགུན་འབུའི་སྨར་སྲིན་དང་དེ་ལས་གཞན་པའི་འབྲེལ་ཡོད་སྨར་སྲིན་གྱི་སྐྱེ་དངོས་རིག་པའི་འབྲེལ་བ་བརྒྱུད། གནས་རྟེན་འབུ་སྲིན་གྱིCOIདངcytbགཉིས་ནི་ཞིབ་སྡུར་ཚད་གཞི་ཅན་གྱི་ཚད་ལེན་སྲུང་སྐྱོབ་གོ་རིམ་ཡིན་ལ། བྱ་དངོས་འདྲ་མིན་གྱིས་རིམ་འགྱུར་ཐད་དབྱེ་ཞིབ་བྱེད་པའི་འབྲེལ་བ་བརྒྱུད་དབྱར་རྩྭ་དགུན་འབུའི་ཐོན་ལས་ས་ཁུལ་གཙོ་བོའི་འབུ་མེ་ལྕེབས་ཀྱི་རྒྱུད་རྒྱུན་སྣ་མང་རང་བཞིན་ལ་དཔྱད་འཇོག་བྱེད་པ་ཡོངས་འགྲུབ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།