སྒོ་མི་རྒྱག་པའི་དཔེ་མཛོད་ཁང་།

ཀློག་པ་པོས《བོད་ཀྱི་ལོ་རྒྱུས་སྙན་ཚིག》ཞིབ་ཀློག་བྱེད་བཞིན་པ།

ཀློག་པ་པོས་སྙན་འཇེབས་ལྡན་པའི་ཚིག་དག་གྱེར་འདོན་བྱེད་བཞིན་པ།

ཀློག་པ་པོས་གློག་རྡུལ་དཔེ་ཀློག་ཁང་དུ་དཔྱད་གཞིའི་ཡིག་ཆ་ཞིབ་ཀློག་བྱེད་བཞིན་པ།

རང་རེའི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རིག་གནས་ཐང་ཆེན་དུ་ཡོད་པའི་དགའ་བདེ་དཔེ་མཛོད་ཁང་ནི། 2018ལོའི་ཟླ5ཚེས1ཉིན་རྫོང་ཡོངས་ཀྱི་མང་ཚོགས་ལ་རིན་མེད་སྒོས་སྒོ་འབྱེད་བྱས་པ་ཡིན་ལ། དཔེ་མཛོད་ཁང་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1100བཏང་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ2000དང་། དཔེ་མཛོད་ཁང་དུ་ཉར་བའི་དཔེ་དེབ་ཁྲི7.6ཡོད། དཔེ་མཛོད་ཁང་དུ་རྒྱ་ཡིག་གི་ཕྱོགས་བསྡུས་དཔེ་གཟིགས་ཁང་དང་བྱིས་པའི་དཔེ་གཟིགས་ཁང་། གློག་རྡུལ་དཔེ་གཟིགས་ཁང་། བོད་ཀྱི་གསོ་རིག གེ་སར་སྒྲུང་གི་དཔེ་གཟིགས་ཁང་། བོད་ཡིག་གི་དཔྱད་གཞིའི་ཡིག་ཆའི་དཔེ་གཟིགས་ཁང་སོགས་ཁྱད་ཆོས་མི་འདྲ་བ་བརྒྱད་ཅན་གྱི་དཔེ་གཟིགས་ཁང་ཡོད།

དཔེ་མཛོད་ཁང་དེ་ལོ་གཅིག་གི་ཉིན365ལ་སྒོ་མི་རྒྱག་པ་དང་སྒོ་ཕྱེས་པའི་དུས་ཚོད་ནི13:00ནས21:00བར་ཡིན ལོ་གཅིག་གི་དཔེ་གཟིགས་མི་གྲངས་ཁྲི1.1ཡིན། འདི་རུ་ཀློག་པ་པོ་དག་གིས་དཔེ་མཛོད་ཁང་དུ་དཔེ་ཆ་གཡར་ནས་ཀློག་ཆོག་ལ་རང་སྒྲུབ་སློབ་སྦྱོང་དང་སྨྱན་བྱད་གསར་བར་ཉམས་ཞིབ། ཚན་རྩལ་དཔྱད་ཞིབ་བརྗེ་རེས། གྱེར་འདོན་ཉམས་ལེན། ཡིག་གཟུགས་ཉམས་ལེན་སོགས་ཡོད།

ད་ལྟ་དཔེ་མཛོད་ཁང་དེས་རྦབ་ཆུའི་རྣམ་པའི་གློག་རྡུལ་དཔེ་གཟིགས་བརྙན་ཡོལ་གསར་འཛུགས་བྱེད་བཞིན་ཡོད་ལ། ཀློག་པ་པོ་དག་གིས་བརྙན་ཡོལ་ངོས་ཀྱི་གཤེར་རིས་བཤེར་ཕབ་བརྒྱུད་རང་ཉིད་ལ་སྤྲོ་བ་ཡོད་པའི་དཔེ་ཆ་དག་ཡུལ་དུ་ཁྱེར་ནས་ཞིབ་ཀློག་བྱས་ཆོག་པས། སྒོ་འབྱེད་རང་བཞིན་གྱི་འཛུགས་སྐྲུན་དེས་ཀློག་པ་པོ་དག་ལ་སྟབས་བདེ་བསྐྲུན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།