རང་ཞིང་གིས་ནུས་ཤུགས་གང་ཡོད་བཏོན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས8ཉིན། ཞིང་ཆེན་ཆུ་བེད་ཐིན་གྱིས་བྱ་བའི་རེ་འདུན་ཐད11125འཆར་གཞི་གཏན་འབེབས་བྱས་ཤིང་། ནུས་ཤུགས་གང་ཡོད་སྒོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ད་ལོ་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཀྱིས་དོན་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱེ་བྲག་གི་འཆར་འགོད་དང་བྱེ་བྲག་གི་སྲིད་ཇུས། བྱེ་བྲག་གི་རྣམ་གྲངས་བཅས་སུ་བསྒྱུར་ནས། འཆར་འགོད་སྒྲིག་སྲོལ་རིམ་པ་ཞིག་སྤེལ་ཅིང་། གལ་ཆེ་བའི་ཆུ་བེད་ལས་གཞིའི་ཇུས་གཞི་གལ་ཆེན་ཞིག་དང་འགུལ་སྐྱོད་ཀྱི་བྱེད་ཐབས་གཏན་འབེབས། མཐུན་སྒྲུབ་ཞིབ་འཇུག་གི་སྲིད་ཇུས་གལ་ཆེན་བཅས་ཀྱི་ཐད་ལ་རོགས་སྒྲུབ་སྒོས་ཆེད་དོན་ཞིབ་འཇུག་རིགས་མི་འདྲ་བ5ཡི་བྱ་བ་ལེགས་པོར་སྤེལ་བ་དང་བསྡུས་མིང་ལ11125བྱ་བའི་འཆར་གཞི་ཟེར་ཞིང་སྙོམས་སྒྲིག་བྱ་བའི་ཐོག་མཐའ་བར་གསུམ་ཡོངས་སུ་བརྟོལ་ཐུབ་པ་བྱས་ཡོད། ཞིང་ཆེན་ཆུ་བེད་ཐིན་གྱི་འཆར་འགོད་ནོར་སྲིད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱང་ནན་པེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ལེགས་སྒྲིག་ཡོངས་འགྲུབ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་ཆུ་བེད་ཆེད་དོན་ལས་གཞིའི་འཆར་འགོད》ཡོངས་འགྲུབ་བྱས་ཤིང་། དེར་མ་ཟད་རྨ་ཆུའི་འབབ་རྒྱུད་དུ་རྟོག་ཞིབ་ཞིབ་འཇུག་ནན་མོ་བྱས་ཏེ་ཁྱོན་ཡོངས་ནས་ཆུ་བེད་བྱ་བའི་ད་ལྟའི་གནས་བབ་ལ་རྒྱུས་ལོན་ཟབ་མོ། གནད་དོན་དང་གོང་གཏུག་གལ་ཆེན་སོགས་རྨང་གཞིའི་སྟེང་འབྲེལ་ཡོད་ལས་གཞི་ཡི་ཞིབ་འཇུག་འཆར་འགོད་བྱས་པ་བརྒྱུད་ལས་གཞི་གལ་ཆེན་གྱི་རྩིས་ཐོ་གསར་བ་བཏོན། དེར་མ་ཟད་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་གཏན་འབེབས་སྒོས་ལོ་གཅིག་གི་བྱ་བའི་དམིགས་འབེན་དང་འགན་འཁྲི། བྱེད་ཐབས་སོགས་ཞིབ་བགོས་གསལ་བོ་བྱས་ཏེ་འཆར་འགོད་ནང་དོན་དེ་བྱེ་བྲག་གི་དོན་དངོས་འགུལ་སྐྱོད་ལ་བསྒྱུར་བ་རེད།

དེ་དང་ཆབས་ཅིག ད་ལོ་ཞིང་ཆེན་ཆུ་བེད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ལ་མཐུན་སྒྲུབ་གང་ལེགས་སྒོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སྒྲིག་གཞི་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུ་བེད་སྐྱེ་ཁམས་ཁ་གསབ་སྒྲིག་གཞི་སོགས་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་འགོ་ཁུངས་སྲུང་སྐྱོབ་དང་ཆུ་འགོའི་བདག་སྐྱོང་འཕེལ་རྒྱས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་ས་ཆུ་ཟག་རུད་བཅོས་སྐྱོང་། ལན་ཀྲུའུ་དང་ཟི་ལིང་གྲོང་ཁྱེར་གྱི་ཚོགས་སྤྱིའི་ཆུ་བེད་འགན་སྲུང་། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་དུ་ཆུ་མཁོ་སྤྲོད་བྱེད་པའི་དགོས་འདོད་དབྱེ་ཞིབ། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་ཆུ་དང་བྱེ་བའི་འབྲེལ་བ་སོགས་ཆེད་དོན་ཞིབ་འཇུག་བྱ་བ་སྒྲུབ་ནས། ད་རུང་མུ་མཐུད་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ཨུ་ལྷན་ལ་འབྲེལ་འདྲིས་མཐུད་སྦྲེལ་སྒོས་སྲིད་ཇུས་ཧུར་ཐག་སྒོས་བརྩོན་ལེན་དང་། ལས་གཞིའི་མ་དངུལ་སོགས་རྒྱབ་སྐྱོར་རྨང་གཞིའི་སྟེང་། རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་མཐུན་སྦྲེལ་གྲོས་ཚོགས་སྒྲིག་གཞི་ལ་གཅིག་གྱུར་གསར་འཛུགས་བྱས་ནས། ཆུ་བེད་ཆེད་མཁས་མི་སྣའི་ཤེས་རབ་བང་མཛོད་བསྐྲུན་ནས། ཆུ་བེད་སྐུལ་འདེད་ཀྱིས་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་ལ་ཤེས་ནུས་ཀྱི་རྒྱབ་སྐྱོར་མཁོ་སྤྲོད་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།