གཏེར་ལེན་ཁ་གྲོང་ཁྱེར་གྱིས“གནོད་སྐྱོན་སྔོན་འགོག་དང་གནོད་སྐྱོན་ཉུང་འཕྲིའི་ཉིན་མོར”གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས12ཉིན་གྱི་སྔ་དྲོ། “གཞི་རིམ་སྐབས་བསྟུན་ནུས་པ་མཐོར་འདེགས་སུ་གཏོང་བ་དང་གནོད་སྐྱོན་སྔོན་འགོག་ཉུང་འཕྲིའི་མི་དམངས་ཀྱི་འགོག་སྲུང་ལམ་ཐིག་ཞེས་པ་བརྗོད་དོན་ཡིན་པའི་སྐབས12པའི་རྒྱལ་ཡོངས་གནོད་སྐྱོན་སྔོན་འགོག་དང་གནོད་སྐྱོན་ཉུང་འཕྲི་བྱེད་པའི་ཉིན་མོར་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་ཨོ་ཡོན་ཐང་ཆེན་དུ་སྤེལ་བ་རེད།

གཏེར་ལེན་ཁ་གྲོང་ཁྱེར་གྱི་ཚྭ་འདམ་གཞོང་སའི་བྱང་ཤར་ས་ཁུལ་ནི་རང་བྱུང་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དུ་གཏོགས། ནང་སྒོས་སུ་ས་ཁུལ་དང་ཁངས་སྐྱོན། ཐན་སྐམ། ཆུ་ལོག་སོགས་རང་བྱུང་གནོད་འཚེ་ཡིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཐད་ལ་འཇིགས་སྣང་ཆེན་པོ་བཟོ་བཞིན་ཡོད། བྱ་འགུལ་དེ་སྤེལ་བ་བརྒྱུད་རྒྱ་ཆེའི་ལས་མི་དག་གི་དྲིལ་སྒྲོག་བརྒྱུད་ཚན་རིག་ཡོངས་ཁྱབ་དང་གནོད་འཚེ་སྔོན་འགོག་ཉུང་འཕྲིའི་ཤེས་བྱའི་བྱེད་ཐབས་བརྒྱུད། གཏེར་ལེན་ཁ་གྲོང་ཁྱེར་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དག་ཧུར་ཐག་སྒོས་གནོད་སྐྱོན་སྔོན་འགོག་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱས་པས། གནོད་འཚེ་སྔོན་འགོག་ཚོད་འཛིན་འདུ་ཤེས་དང་ནུས་པ་མཐོར་འདེགས་སྒོས་ཐུན་མོང་མཉམ་སྐྲུན་སྒོས་གནོད་སྐྱོན་སྔོན་འགོག་ཐད་མི་རྣམས་ལ་འགོག་སྲུང་ལམ་ཐིག་གསར་དུ་བསྐྲུན།

གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། དྲིལ་སྒྲོག་བྱེད་སྒོའི་སྐབས་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ། སློབ་གསོ་ཅུའུ། ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ། ཀ་ཧའེ་གྲོང་རྡལ་མི་དམངས་སྲིད་གཞུང་སོགས་ལས་ཁུངས་སོ་སོའི་རྩ་འཛུགས་མི་སྣ་དག་སྲང་ལམ་དུ་སོང་སྟེ་མི་དམངས་མང་ཚོགས་ལ་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ། མིག་གིས་གསལ་བོར་མཐོང་ཐུབ་པའི་འཕྲེད་དར་དང་ཚན་རིག་གི་ཡོངས་ཁྱབ་དཔར་འགྲེམས་ཀློག་དེབ། སྐབས་བསྟུན་སྦྱོང་བརྡར་སོགས་རྩ་འཛུགས་བྱས་ཏེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་གནོད་འཚེ་སྔོན་འགོག་ཉུང་འཕྲིའི་ཤེས་བྱ་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་སྤེལ་ནས། སློབ་སྦྱོང་གི་མཁའ་དབུགས་གསར་སྐྲུན་སྒོས་རྒྱ་ཆེའི་མི་དམངས་མང་ཚོགས་དག་ཟབ་ཞུགས་བྱེད་དུ་བཅུག་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།