ཁྲི་ཀ་རྫོང་གིས“ཞིང་སྡེ་ཡུལ་སྐོར”གྱི་རྣམ་གཞག་གསར་འབྱེད་བྱས་པ།

ཡུལ་སྐོར་བ་དག་གིས་པར་ཆས་ཀྱི་བརྙན་མིག་ལ་བརྟེན་ནས་ཆང་བ་ལིའི་མེ་ཏོག་བཞད་པའི་ཡིད་འོངས་ཀྱི་མཛེས་ལྗོངས་པར་དུ་འདེབས་བཞིན་པ།

ཁྲི་ཀའི་ཁྱད་མཚར་རྡོ་བའི་སྐྱེད་ཚལ་དུ་རྒྱ་ལྭ་གྱོན་པའི་ཡུལ་སྐོར་བ་ཞིག་གིས་ཆང་བ་ལིའི་མེ་ཏོག་ལ་རོལ་མྱོང་དང་པར་ལེན་བཞིན་པ།

ཞིང་ཁྱིམ་སྤྲོ་སྐྱིད་གླིང་གིས་ཡུལ་སྐོར་བ་དག་ལ་སེམས་པ་རྩེ་གཅིག་གིས་ཞིང་བའི་ཁྱད་ལྡན་ཟས་མཆོག་གཡོ་སྐོལ་བྱེད་བཞིན་པ།

རང་རེའི་དྲ་བའི་འཕྲིན། ཁམ་སྡོང་དང་རྒྱ་ལྕང་གི་ལོ་འདབ་ལྗང་ཁུར་གྱུར་པ་དང་ཆུ་བོར་གཉོམ་ལག་རྒྱས། སྨུག་པ་ལང་ལོང་ཞིག་གསར་དུ་འབུས་པའི་ལྗང་མྱུག་གི་ཁྲོད་འཐིབས། ཏག་ཏག་རྫོགས་ཏེ་རིང་པོ་ལོན་མེད་པའི་ལྔ་གཅིག་གི་གུང་གསེང་དུས་སྐབས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཡུལ་སྐོར་ལ་འོངས་བའི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད། ཁྲི་ཀ་རྫོང་གི་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དུ་ཡུལ་སྐོར་བའི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད། དེ་ཡང་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེའི་ཤུགས་རྐྱེན་འོག་མི་རེ་རེ་ཚང་མས་ཁ་ཐུམ་བརྒྱབ་ཡོད་མོད། འོན་ཀྱང་མི་རྣམས་ལྔ་གཅིག་སྐབས་མེ་ཏོག་གི་མཛེས་པ་དང་རི་ཆུའི་མཛེས་སྡུག་ལ་རོལ་མྱོང་བྱེད་པའི་གོམ་སྟབས་སྔར་བཞིན་མཚམས་བཞག་མ་མྱོང་ལ། ཞིང་སྡེ་རུ་ཉིན་གཅིག་ལ་ཡུལ་སྐོར་བྱེད་པ་དང་ཁམས་གཡེང་ཡུལ་སྐོར་འབུར་དུ་ཐོན་པར་བཅུག

གཞི་གྲངས་ལས་མངོན་པ་ལྟར་ན། གུང་གསེང་དུས་ཡུན་རིང་མོ་འདིའི་ཁྲོད། ཁྲི་ཀ་རྫོང་གི་ས་ཁུལ་སོ་སོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་སྣེ་ལེན་བྱས་ཤིང་། ཡུལ་སྐོར་འགྲུལ་བའི་ཁ་གྲངས་མི་ཁྲི25.12དང་ཉིན་རེའི་ཡུལ་སྐོར་འགྲུལ་བའི་ཁ་གྲངས་ཁྲི5.03ལ་བུད། ཡུལ་སྐོར་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར1.03དང་ཉིན་གཅིག་གི་ཡོང་འབབ་སྒོར་ཁྲི2068.6ཟིན་ཡོད། “ཞིང་སྡེ་ཡུལ་སྐོར”གྱིས་ས་གནས་དཔལ་འབྱོར་དང་ཞིང་བའི་ཡོང་འབབ་འཕར་སྣོན་ཐད་ལ་བྱེད་ནུས་གསལ་བོ་ཞིག་མངོན་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།