ཟླ6པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པའི་སྤྱི་བདེ་པུའི་བརྡ་སྦྱོར་གལ་ཆེན།

མཚོ་སྔོན་དུ་རླངས་འཁོར་བསྐོར་བ། འཕྲུལ་རྟ་བཞོན་པ། གློག་སྒུལ་རྐང་འཁོར་བཞོན་མཁན་གྱིས་ངེས་པར་དུ་བལྟ་དགོས།

ཟླ6པའི་ཚེས1ཉིན་ནས་བཟུང་དོ་དམ་དང་ཞིབ་བཤེར་ནན་པོ་བྱ་རྒྱུ་རེད།

རླངས་འཁོར་བསྐོར་ནས་ཕྱིར་སྐྱོད་པར་ངེས་པར་དུ་དོ་སྣང་བྱེད་དགོས།

ཉེ་ཆར་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་བརྡ་ཐོ་བཏང་སྟེ་།

2020ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་།

རྒྱལ་ཡོངས་སུ“རྨོག་ཞྭ་གཅིག་དང་ཉེན་སྲུང་སྒྲོག་ཐག་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་བ་སྤེལ་རྒྱུ་རེད།

འཕྲུལ་རྟ་དང་། གློག་སྒུལ་རྐང་འཁོར་བཞོན་མཁན་དང་། རླངས་འཁོར་བསྐོར་མཁན་བཅས་ཀྱི་བདེ་འཇགས་འགོག་སྲུང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་འགྲིམ་འགྲུལ་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཇེ་ཉུང་དུ་ནུས་ལྡན་གཏང་ཆེད། ཉེ་ཆར་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་རྒྱལ་ཡོངས་སུ“རྨོག་ཞྭ་གཅིག་དང་ཉེན་སྲུང་སྒྲོག་ཐག་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་ནས། མང་ཚོགས་ཀྱིས་བདེ་འཇགས་རྨོག་ཞྭ་གྱོན་པ་དང་བདེ་འཇགས་སྒྲོག་ཐག་སྤྱོད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར། ལས་རིགས་གཙོ་གཉེར་སྡེ་ཚན་དང་ལས་རིགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་བྱས་ཏེ“གློག་སྒུལ་རྐང་འཁོར་ཉོས་ན་རྨོག་ཞྭ་གནང་བ”དང“འགན་བཅོལ་ཉོས་ན་རྨོག་ཞྭ་གནང་བའི”རྣམ་པ་ཁྱབ་གདལ་གཏོང་བ་དང་། མྱུར་སྐྱེལ་དང་། ཕྱིར་འཚོང་། བདལ་གཏོང་རླངས་འཁོར། དྲ་ཐོག་རླངས་འཁོར་སོགས་གཙོ་གནད་ལས་རིགས་ཀྱིས་དཔེ་སྟོན་སྣེ་ཁྲིད་སྒྲིག་འཛུགས་བྱས་ཏེ། བདེ་འཇགས་ཀྱི་རྨོག་ཞྭ་དང་ཉེན་སྲུང་སྒྲོག་ཐག་བཀོད་སྒྲིག་དང་བེད་སྤྱོད་ཡག་པོ་བྱེད་དགོས། བྱེད་སྒོ་སྤེལ་རིང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འཛིན་དོ་དམ་ལ་ཤུགས་སྣོན་ནས་འཕྲུལ་རྟ་དང་གློག་སྒུལ་རྐང་འཁོར་བཞོན་མཁན་གྱིས་བདེ་འཇགས་རྨོག་ཞྭ་མི་གྱོན་པ་དང་། དེ་བཞིན་རླངས་འཁོར་བསྐོར་མཁན་གྱིས་བདེ་འཇགས་སྲུང་ཐག་མི་སྤྱོད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཡོ་བསྲང་བྱས་ནས། བདེ་འཇགས་གོམས་གཤིས་ལོབ་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།