མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་སྒྲིག་ཁོངས་ཕྱིའི་ལས་མི་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ལྟེ་བའི་སྨན་ཁང་།( མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་།)

2020ལོའི་སྒྲིག་ཁོངས་ཕྱིའི་ལས་མི་བསྡུ་བའི་བརྡ་སྦྱོར།

《ཞིང་ཆེན་ཡོངས་ཀྱི་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་གནས་སྐབས་གདན་ཞུས་སྐུལ་སྤྱོད་མི་སྣའི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏང་རྒྱུའི་སྐོར་གྱི་བསམ་འཆར》(མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཚན་གྱིས་ལས་མི་བསྡུ་བའི་བྱ་ཐབས》(གཞོན་ནུ་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤེལ་བའི[2015]ཡིག་ཨང80པ།)དང་། 《ཞིང་ཆེན་ཡོངས་ཀྱི་བྱ་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་བྱ་བར་སྔར་བས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཞོན་ནུ་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྤེལ་བའི[2018]ཡིག་ཨང2པ)སོགས་ཡིག་ཆའི་བླང་བྱ་གཞིར་བཟུང་། ཤེས་ལྡན་མི་སྣ་སྔོན་ལ་འཕེལ་རྒྱས་གཏང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། སྔར་ལས་མང་བ་ཕུལ་བྱུང་ཤེས་ལྡན་མི་སྣ་འགུག་ཕྱིར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིབ་བཤེར་ཆོག་མཆན་སྤྲད་ནས་མོས་མཐུན་ཐོབ་པར། ངེད་ཁྲིམས་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་ལས་མི་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་ལས་གནས།

ཐེངས་འདིར་ཁྱོན་ལས་མི130བསྡུ་རྒྱུ་ཡིན་ཞིང་། ཞིབ་ཕྲའི་ལས་གནས་དང་བླང་བྱ《མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི2020ལོའི་སྒྲིག་ཁོངས་ཕྱིའི་ལས་མི་བསྡུ་བའི་འཆར་གཞིའི་རེའུ་མིག》ལ་གསལ།

གཉིས། ལས་བསྡུའི་གོ་རིམ།

ལས་བསྡུའི་བྱ་བ་དེ་རང་མོས་ངང་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཁ་རྒྱུགས། ལུས་པོ་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ལས་བསྡུ་ཞིབ་འཇུག་བཅས་གོ་རིམ་ལྟར་སྤེལ་རྒྱུ་རེད།

གསུམ། མིང་ཐོ་འགོད་པའི་དུས་ཚོད་དང་འབྲེལ་ཡོད་བླང་བྱ།

(གཅིག)མིང་ཐོ་འགོད་པའི་དུས་ཚོད།

དེ་རིང་ནས་བཟུང2020ལོའི་ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད18བར་ཡིན་པ་རེད།

(གཉིས)མིང་ཐོ་འགོད་སྟངས།

ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་ནས་རྩ་གཉིས་ཨང་རྟགས་བཤར་འབེབས་བྱེད་པའི་བྱ་ཐབས་སྤྱད་དེ་མིང་ཐོ་འགོད་དགོས།

2. ལས་བསྡུའི་ལས་གནས་ཀྱི་ཐོབ་ཐང་ཆ་རྐྱེན་ཁྲོད་རིགས་ཁག་གི་ལག་རྟགས་བླངས་པའི་དུས་ཚོད་སོགས2020ལོའི་ཟླ4པའི་ཚེས28ཉིན་བར་ཡིན་པ་རེད།

4.ཡིག་རྒྱུགས་དང་ཁ་རྒྱུགས་སོགས་ལས་བསྡུའི་ལྷུ་ཚིགས་གཞན་དག་ཁྲོད་ཀྱི་འབྲེལ་ཡོད་ས་གནས་དང་དུས་ཚོད་སོགས་ཀྱི་བྱ་བའི་སྐོར་གྱི་བརྡ་ཐོ་དེ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་གཞུང་ཕྱོགས་དྲ་བ(www.qhrch.com)ཡི་ཤོག་ངོས་དང་པོའི“སྨན་ཁང་གི་སྤྱི་བསྒྲགས”དང“ལས་བསྡུའི་སྤྱི་བསྒྲགས་དང་བརྡ་ཐོའི”ལེ་ཚན་ནང་ཁྱབ་སྒྲོག་བྱས་ཡོད་པས་ཡིད་འཇོག་གནང་རོགས།

བཅུ་གཅིག འབྲེལ་གཏུག་བྱེད་སྟངས།

འབྲེལ་གཏུག་བྱེད་ས། ཧྥེ་དགེ་རྒན་ཧྥེ། དགེ་རྒན་ཞུས་ལགས།

འབྲེལ་གཏུག་ཁ་པར། 0971-8252622

མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ལྟེ་གནས་སྨན་ཁང་།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་།

2020ལོའི་ཟླ4པའི་ཚེས28ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།