ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་དངུལ་ཆད་འགྱངས་བྱས་པའི་གནད་དོན་ཞིག

ནང་དོན་ཞིབ་ཕྲ།

བདག་ནི2010ལོའི་ཟླ6པར་མཐར་ཕྱིན་པའི་སློབ་ཆེན་སློབ་མ་ཞིག་ཡིན། ལོ་དེའི་ཟླ8པར་ནུབ་རྒྱུད་གཏེར་ལས་སུ་ལས་ཀར་ཞུགས། ནུབ་རྒྱུད་གཏེར་ལས་ཀྱིས་ཀྲི་ཏཱ་ཀུང་སིར(མཚོ་སྔོན་ཞིང་ཆེན་ངལ་ལས་མངག་གཏོང་ཚད་ཡོད་ཀུང་སི)ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་མ་དངུལ་ཚབ་སྤྲོད་ཀྱི་ལས་བཅོལ་པ་དང་། 2016ལོའི་ཟླ9པར་ནུབ་རྒྱུད་གཏེར་ལས་དང་ཀྲི་ཏཱ་ཀུང་སིའི་བར་གྱི་མཉམ་ལས་མཚམས་བཞག་རྗེས། ནུབ་རྒྱུད་གཏེར་ལས་ཀྱིས་ཡང་བསྐྱར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་བསྒྲུབས། 2019ལོའི་ཟླ5པར་བདག་ཕྲུ་གུ་སྐྱེས་བས་ནུབ་རྒྱུད་གཏེར་ལས་ནས་ཕྱིར་བུད། ཉེ་ལམ་སྨན་བཅོས་འགན་སྲུང་སྒྲུབ་པ་ན། དེ་དུས་ཀྲི་ཏཱ་ཀུང་སིའི་དོ་དམ་བྱེད་སྐབས་ཀྱི་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ལས2010ལོའི་ཟླ་བ9བའི་ནང་གི་གྲོན་དངུལ་ཆད་འགྱངས་་ཐེབས་འདུག ནུབ་རྒྱུད་གཏེར་ལས་ལ་རྩད་འདྲི་བྱེད་དུས་ཀུང་སི་ནས་འགན་སྲུང་གི་མ་དངུལ་ཀྲི་ཏཱ་ཀུང་སིར་སྤྲད་ཚར་བས། ཆད་དངུལ་གྱི་གནད་དོན་དེ་མི་སྒེར་ནས་ཀྲི་ཏཱ་ཀུང་སིར་འབྲེལ་བ་བྱ་དགོས་ཞེས་ལན་སྤྲད་བྱུང་། ཀྲི་ཏཱ་ཀུང་སིར་འབྲེལ་བ་བྱེད་དུས་དེ་ག་ནས་ཁོང་ཚོས་སྨན་བཅོས་འགན་སྲུང་གི་གྲོན་དངུལ་རིན་པ་སྤྲད་ཚར་འདུག ཆད་དངུལ་གནད་དོན་ནི་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་མ་ལག་གི་གནད་དོན་ཡིན་པས་ང་ཚོས་ཐག་གཅོད་མི་ཐུབ་ཅེས་ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ལ་འདྲི་རྩད་བྱོས་ཟེར། དེ་ནས་སྨན་བཅོས་འགན་སྲུང་ཐིང་དུ་སོང་བ་ན། ལས་བྱེད་པས་དེ་ནི་ཀྲི་ཏཱ་ཀུང་སིའི་གནད་དོན་ཡིན་པས་ཀུང་སི་བོས་ནས་སྨན་བཅོས་འགན་སྲུང་སྒྲུབ་སའི་ཚོམས་ཆེན་དུ་རྩིས་ཐོ་ཞིབ་གཏུག་བྱས་ནས་ཐག་གཅོད་དགོས་ཟེར། ཀྲི་ཏཱ་ཀུང་སིར་གནས་ཚུལ་དེ་ཞུས་པ་ན་ཀུང་སིའི་རྣམ་འགྱུར་མི་ལེགས་ཤིང་འགན་དེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་གི་མ་ལག་གི་འགན་ཡིན་ཚུལ་བརྗོད་ནས་ཐག་གཅོད་མི་བྱེད་པར་འདུག དེ་བས་སྲིད་གཞུང་གི་འགོ་ཁྲིད་རྣམ་པས་ཀྲི་ཏཱ་ཀུང་སིས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་སུ་རྩིས་ཐོ་ཞིབ་བསྡུར་བྱེད་པར་སྐུལ་ནས་རང་ཉིད་ཀྱི་སྨན་བཅོས་འགན་སྲུང་གྲོན་ཆད་ཀྱི་གནད་དོན་ཐག་གཅོད་པའི་རེ་བ་ཞུ།

 ཐག་གཅོད་བསམ་ཚུལ།

ཝང་ཧྥིང་མའེ་ཡིས་དྲ་ལམ་ནས་སྨན་བཅོས་འགན་སྲུང་གི་གྲོན་དངུལ་ཆད་པའི་གནད་དོན་ཞུ་གཏུག་སྐོར་ལ་སྤྲད་པའི་ལན།

ལྕམ་མོ་ཝང་། ཁྱེད་བདེ་མོ། ཁྱེད་ནས་ཞུ་གཏུག་བྱས་པའི་གནད་དོན(信访编号:6301002019120932485)དེ《འཕྲིན་བསྐུར་ངོ་བཅར་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་བཅད་ཚུལ་གཤམ་གསལ་ལྟར། ཁྱེད་ཀྱི་གནས་ཚུལ་དེ་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས་བསྐྱར་ཞིབ་བྱས་པ་ན། སྨན་བཅོས་འགན་སྲུང་ཅུས་ཀྱི་མ་ལག་བརྗེ་སྒྱུར་གྱི་རྐྱེན་གྱིས་ཁྱེད་ཀྱི་སྨན་བཅོས་འགན་སྲུང་གི་ཆད་དངུལ་དེ2010ལོའི་ཟླ10པར་མཚོ་སྔོན་ཀྲི་ཏཱ་འཇོན་མི་བརྗེ་སྤེལ་ཚད་ཡོད་ཀུང་སིས་ཚབ་སྤྲོད་བྱེད་དུས་ཟླ་བ་གཅིག་རིང་གི(2010ལོའི་ཟླ9བ)མ་དངུལ་འཁོར་རྒྱུག་དབང་གིས་ཆད་བཞག་བྱས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་པར་འགྲེམས་བྱས་པའི《ཟི་ལིང་གྲོང་ཁྱེར་གྱི་གྲོང་གསེབ་དང་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》གྱི་བརྡ་ཐོ(ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཡིག་ཆ་ཨང[2000]305)ཡི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་དུ། “མི་བཀོལ་ལས་ཁུངས་ཀྱིས་ཐོག་དང་པོར་སྤྱི་ཚོགས་འགན་སྲུང་མ་དངུལ་སྤྲོད་དུས། མ་དངུལ་འཁོར་སྐྱོད་ཀྱི་ཆེད་དུ་ངེས་པར་ཟླ་བ་གཅིག་གི་གཞི་རྩའི་སྨན་བཅོས་འགན་སྲུང་གྲོན་དངུལ་སྤྲོད་དགོས”པ་གཏན་ལ་ཕབ་འདུག  ད་ལྟ་གཞི་གྲངས་ཞིབ་བསྡུར་བྱས་རྗེས་ཆད་དངུལ་དེ་ལམ་སེང་སྤྲོད་རྒྱུ་ཐག་བཅད་ཡོད་པས། ཁྱེད་ནས་སྨན་བཅོས་འགན་སྲུང་རྒྱུན་ལྡན་བཞིན་སྤྱད་ཆོག་ལ་གཞན་ངེད་ཅུས་ཀྱིས་ལྕམ་མོ་ཝང་ལ་ཡང་ཁ་པར་ལམ་ནས་དགོངས་དག་ཞུས་ཡོད།

ཟི་ལིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས།

2019ལོའི་ཟླ12ཚེས31ཉིན།