དབང་སྐྱོན་མི་འདྲ་བ་ལྔ་ཁ་ལོ་པའི་རྒྱུགས་ལ་ཞུགས་ཆོག

རང་རེའི་དྲ་བའི་འཕྲིན། ཉེ་ལམ་གྲོང་ཁྱེར་གྱི་སྡོད་དམངས་སྐུ་ཞབས་ཀྲང་ལགས་ཀྱིས་དགོང་དྲོའི་ཚགས་པར་གྱི་འགྲིམ་འགྲུལ་སྐུད་ལམ་ལ་ཁ་པར་བཏང་འོངས་སྟེ། རང་ཉིད་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་པས། ཁོ་དང་ཁོ་འདྲ་བའི་ཡན་ལག་སྐྱོན་ཅན་གྱི་གྲོགས་པོ་སྐོར་ཞིག་གིས་དུས་ཆད་བྱས་ཏེ་མཉམ་གཅིག་ཏུ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལ་སྤྲོད་འདོད་པས། གནས་གང་དུ་གསབ་སྦྱོང་དང་སློབ་སྦྱོང་བྱས་ཆོག་པ་དང་། རང་སྟེང་ནས་ཆ་རྐྱེན་གང་དག་གྲ་སྒྲིག་བྱེད་དགོས་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པ་རེད།

སྐུ་ཞབས་ཀྲང་གིས་བཏོན་པའི་གནད་དོན་དེའི་ཐད་གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་བདག་དོམ་སའོ་ཡི་ལས་བྱེད་མི་སྣ་ལ་འདྲི་རྟོག་བྱས་པས། ལས་བྱེད་མི་སྣས་གསར་འགོད་པ་ལ་བཤད་རྒྱུར། དབང་པོ་སྐྱོན་ཅན་གྱིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལ་རྒྱུགས་སྤྲོད་པའི་དམིགས་གསལ་གྱི་སྒྲིག་ཆས་སྒྲིག་འཇུག་བྱས་ཡོད་པའི་ཁྲིད་སྟོན་རླངས་འཁོར་དགོས་མོད། འདི་ལྟ་བུའི་རླངས་འཁོར་མང་པོ་རླངས་འཁོར་ཁ་ལོ་བའི་སློབ་གྲྭ་དག་གིས་གྲ་སྒྲིག་བྱས་མེད། ད་ལྟ་ཟི་ལིང་གྲོང་ཁྱེར་དུ་དབང་པོ་སྐྱོན་ཅན་དག་ལ་ཆེད་དུ་རླངས་འཁོར་ཁ་ལོ་བའི་གསབ་སྦྱོང་སྤྲོད་སའི་ཁ་ལོ་བའི་འཛིན་བྱང་ལེན་སའི་སློབ་གྲྭ་མེད་མོད། མཚོ་ཤར་གྲོང་ཁྱེར་དུ་དེ་ལྟ་བུའི་རླངས་འཁོར་ཁ་ལོ་བའི་འཛིན་བྱང་ལེན་སའི་སློབ་གྲྭ་ཞིག་ཡོད་ཟེར། རྗེས་སུ་གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རླངས་འཁོར་བདག་དོམ་སའོ་ནས་རྒྱུས་ལོན་བྱས་ཏེ། དེའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་དག་སྒྲིག་བྱས་པ་ནི་གཤམ་གསལ་ལྟར།

● དབང་སྐྱོན་མི་འདྲ་བ་ལྔ་ཡིས་རླངས་འཁོར་ཁ་ལོ་པའི་འཛིན་བྱང་བླངས་ཆོག

2016ལོར་དབང་པོ་སྐྱོན་ཅན་གྱིས་རླངས་འཁོར་ཁ་ལོ་བར་རྒྱུགས་སྤྲོད་པའི་གཏན་འབེབས་གསར་བ་ལྟར་ན། རིགས་མི་འདྲ་བ་ལྔ་ཡི་དབང་པོ་སྐྱོན་ཅན་དག་གིས་རླངས་འཁོར་ཁ་ལོ་བའི་འཛིན་བྱང་བླང་ཆོག་ལ། རྐང་བ་གཡས་པ་དང་རྐང་བ་གཉིས་ཀ་མེད་པའི་མི་སྣ། འོན་ཀྱང་རང་ཚུགས་ཀྱིས་ཙོག་པུར་འདུག་ཐུབ་པའི་དབང་པོ་སྐྱོན་ཅན་གྱིས་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རླངས་འཁོར་ཆུང་གྲས་ཏེ། རང་འགུལ་བང་བསྒྱུར་འགྲུལ་སྡོད་རླངས་འཁོར་བསྐོར་ཆོག་པའི་འཁོར་སྒུལ་འཕྲུལ་ཆས་ཀྱི་ཁ་ལོ་བའི་ཆོག་མཆན་འཛིན་བྱང་ལ་རེ་འདུན་ཞུས་ཆོག འགུལ་སྐྱོད་ཀྱི་ནུས་པ་ཞན་པའི་མི། འོན་ཀྱང་རང་ཚུགས་ཀྱིས་ཙོག་པུར་འདུག་ཐུབ་པའི་དབང་པོ་སྐྱོན་ཅན་གྱིས་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རླངས་འཁོར་ཆུང་གྲས་ཏེ་རང་འགུལ་བང་བསྒྱུར་འགྲུལ་སྡོད་རླངས་འཁོར་བསྐོར་ཆོག་པའི་འཁོར་སྒུལ་འཕྲུལ་ཆས་ཀྱི་ཁ་ལོ་བའི་ཆོག་མཆན་འཛིན་བྱང་ལ་རེ་འདུན་ཞུས་ཆོག མཛུབ་མོ་མི་ཚང་བའི་དབང་པོ་སྐྱོན་ཅན་གྱི་མི་སྣ་ཡིས་རླངས་འཁོར་ཆུང་གྲས་དང་རླངས་འཁོར་ཆུང་གྲས་སྟེ་རང་འགུལ་བང་བསྒྱུར་འགྲུལ་སྡོད་རླངས་འཁོར་བསྐོར་ཆོག་པའི་འཁོར་སྒུལ་འཕྲུལ་ཆས་ཀྱི་ཁ་ལོ་བའི་ཆོག་མཆན་འཛིན་བྱང་ལ་རེ་འདུན་ཞུས་ཆོག ལག་གཡས་པའི་མཐེ་བོང་མེད་པའི་དབང་པོ་སྐྱོན་ཅན་མི་སྣ། རླངས་འཁོར་ཆུང་གྲས་དང་རླངས་འཁོར་ཆུང་གྲས་སྟེ་རང་འགུལ་བང་བསྒྱུར་འགྲུལ་སྡོད་རླངས་འཁོར་བསྐོར་ཆོག་པའི་འཁོར་སྒུལ་འཕྲུལ་ཆས་ཀྱི་ཁ་ལོ་བའི་ཆོག་མཆན་འཛིན་བྱང་ལ་རེ་འདུན་ཞུས་ཆོག ཉན་ཚོར་ལ་འགོག་རྐྱེན་ཡོད་ན་ཉན་ཆས་རོགས་སྒྲུབ་སྒྲིག་ཆས་བཞག་ན་ཚད་ལྡན་ལ་ཐོན་པའི་མི་སྣ་དག་གིས་རླངས་འཁོར་ཆུང་གྲས་དང་རླངས་འཁོར་ཆུང་གྲས་སྟེ་རང་འགུལ་བང་བསྒྱུར་འགྲུལ་སྡོད་རླངས་འཁོར་བསྐོར་ཆོག་པའི་འཁོར་སྒུལ་འཕྲུལ་ཆས་ཀྱི་ཁ་ལོ་བའི་ཆོག་མཆན་འཛིན་བྱང་ལ་རེ་འདུན་ཞུས་ཆོག

●མཚོ་ཤར་གྲོང་ཁྱེར་དུ་དབང་པོ་སྐྱོན་ཅན་གྱི་རླངས་འཁོར་ཁ་ལོ་བའི་གསབ་སྦྱོང་སློབ་གྲྭ་ཡོད་པ།

མཚོ་ཤར་གྲོང་ཁྱེར་ཞིན་མའོ་རླངས་འཁོར་ཁ་ལོ་བའི་གསབ་སྦྱོང་ཚད་ཡོད་ཀུང་ཟི་ནི། ད་ལྟའི་ཆར་མཚོ་ཤར་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་ལ་རླངས་འཁོར་ཁ་ལོ་བ་གསབ་སྦྱོང་བྱེད་སའི་སློབ་གྲྭ་ཁོ་ན་ཉིད་དེ། དབང་པོ་སྐྱོན་ཅན་མི་སྣ་དག་གིས་ལེན་ཆོག་པའི་རྣམ་གྲངས་ཀྱི་ཁོངས་སུC1(རླངས་འཁོར་ཆུང་གྲས།) C2(རང་འགུལ་བང་བསྒྱུར་རླངས་འཁོར་ཆུང་གྲས།) C5(དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རླངས་འཁོར།) མིང་ཐོ་འགོད་པའི་རིན་དངུལ། C1ལ་སྒོར3200དངC2ལ་སྒོར3680། C5ལ་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་ན་སྒོར2080བཅས་ཡིན།

●དབང་པོ་སྐྱོན་ཅན་གྱིས་རླངས་འཁོར་ཁ་ལོ་པར་རྒྱུགས་སྤྲོད་པའི་བརྒྱུད་རིམ་དག་རྒྱུན་ལྡན་གྱི་རྒྱུགས་ལེན་དང་གཅིག་མཚུངས་ཡིན།

ལས་བྱེད་མི་སྣས་བསྟན་དོན། དབང་པོ་སྐྱོན་ཅན་གྱི་མིང་ཐོ་འགོད་པར་ལུས་པོའི་ཞིབ་བཤེར་ཚད་གཞིར་སླེབས་པ་དང་།《2016ལོའི་དབང་པོ་སྐྱོན་ཅན་མི་སྣས་རླངས་འཁོར་ཁ་ལོ་བར་རྒྱུགས་སྤྲོད་པའི་གཏན་འབེབས་གསར་པའི》ཁྲོད་ཀྱི་ལུས་པོའི་ཞིབ་བཤེར་གཏན་འབེབས་དང་མཐུན་ན། རླངས་འཁོར་ཁ་ལོ་བའི་གསབ་སྦྱོང་སློབ་གྲྭ་རུ་སོང་སྟེ་མིང་ཐོ་བཀོད་ཆོག རྒྱུགས་ལེན་བརྒྱུད་རིམ་ནི་རྒྱུན་ལྡན་མིའི་རྒྱུགས་ལེན་བརྒྱུད་རིམ་དང་ཁྱོན་ཡོངས་ནས་གཅིག་མཚུངས་ཡིན། གལ་ཏེ་བསླབ་ཚན་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་རྒྱུགས་གཞི་ལ་རྒྱུགས་འཕྲོད་པ་ན། རླངས་འཁོར་ཁ་ལོ་བའི་འཛིན་བྱང་བདེ་བླག་ངང་ལེན་ཐུབ་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།