ཇུས་གཞི་འདི་ཁྱེད་ཀྱི་བདེ་ཐང་དང་འབྲེལ་བ་དམ་པོ་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལེགས་པོར་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་དང་། སྤྱི་ཚོགས་ཀྱི་འཕྲོད་བསྟེན་དོ་དམ་ཆུ་ཚད་མཐོར་འདེགས། རིམས་ནད་སྣ་ཚོགས་སྔོན་འགོག་ཚོད་འཛིན་ཕན་དང་ལྡན་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་ཕྱོགས་ཡོངས་ནས་འགན་སྲུང་དང་། སྤྱི་ཚོགས་བདེ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཅས་གཏང་ཆེད། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལེགས་པོར་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏང་དགོས་ཀྱི་ལག་བསྟར་བསམ་འཆར》བཟོས།

2020ལོའི་ལོ་མཇུག་བར་གཤམ་གྱི་དམིགས་ཚད་འདི་དག་མངོན་འགྱུར་ལ་བརྩོན་ལེན་བྱ་རྒྱུ།

ཞིང་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི95%ཁེབས་པར་བྱ་རྒྱུ།

ཞིང་གྲོང་གི་འཕྲོད་བསྟེན་སྤྱོད་ཁང་ཁྱབ་གདལ་སྐོར།

རིགས་དང་པོའི་རྫོང་དུ་ཁྱིམ་སྤྱོད་འཚེ་མེད་འཕྲོད་བསྟེན་སྤྱོད་ཁང90%ལ་ཁྱབ་པ་བསྐྲུན་རྒྱུ།

རིགས་གཉིས་པའི་རྫོང་དུ་ཁྱིམ་སྤྱོད་འཕྲོད་བསྟེན་སྤྱོད་ཁང90%ལ་ཁྱབ་པ་བསྐྲུན་རྒྱུ།

རིགས་གསུམ་པའི་རྫོང་ལ་དམིགས་ཚད་བཟོས་མེད།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྡུར་ཚད95%ཇེ་མཐོར་གཏང་རྒྱུ།

རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྡུར་ཚད80%ཇེ་མཐོར་གཏང་རྒྱུ།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཡུལ་ཚོ་དང་གྲོང་རྡལ(རྫོང་མཁར)གྱི་བསྡུར་ཚད50%ཇེ་མཐོར་གཏང་རྒྱུ།

རྒྱལ་ཁབ་འཕྲོད་བསྟེན་ཡུལ་ཚོ་དང་གྲོང་རྡལ(རྫོང་མཁར)གྱི་བསྡུར་ཚད5%ཇེ་མཐོར་གཏང་རྒྱུ།

འཚོ་བའི་གད་སྙིགས་འཚེ་མེད་ཐག་གཅོད་སྐོར།

གྲོང་ཁྱེར་དུ་ཆ་སྙོམས་སུ95%ཡན་ཐག་གཅོད་བྱ་རྒྱུ།

རྫོང་མཁར(འཛུགས་སྐྲུན་ཁུལ)དུ80%ཡན་ལ་ཐག་གཅོད་བྱ་རྒྱུ།

ཞིང་གྲོང90%ཡན་གྱི་འཚོ་བའི་གད་སྙིགས་ཐག་གཅོད་ཡག་པོ་བྱ་རྒྱུ།

ཞིང་འབྲོག་ཁུལ་དང་ཞིང་གྲོང་གི་ཁོར་ཡུག་བཙོག་ལ་ཞན་པའི་རྣམ་པ་གཞི་རྩའི་ཐོག་བཅོས་སྒྱུར་བྱ་རྒྱུ།

བཙོག་ཆུ་གཙང་སེལ་གྱི་སྐོར།

གྲོང་ཁྱེར་གྱི་བཙོག་ཆུ་ཆ་སྙོམས95%ཡན་ཐག་གཅོད་བྱ་རྒྱུ། རྫོང་མཁར་ནས་ཆ་སྙོམས་སུ85%ཐག་གཅོད་བྱ་རྒྱུ།

2025ལོའི་ལོ་མཇུག་བར་དུ་གཤམ་གྱི་དམིགས་ཚད་འདི་དག་མངོན་འགྱུར་ལ་བརྩོན་ལེན་བྱ་རྒྱུ།

ཞིང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ཁྱོན་ཡོངས་ལ་ཁེབས་པར་བྱ་རྒྱུ།

ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་སྤྱོད་ཁང་ཡོངས་ཁྱབ་བྱ་རྒྱུ།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་ཡོངས་ལ་ཁེབས་པར་བྱ་རྒྱུ།

རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་བསྡུར་ཚད90%ཇེ་མཐོར་གཏང་རྒྱུ།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་ཡུལ་ཚོ་དང་གྲོང་རྡལ(རྫོང་མཁར)བསྡུར་ཚད65%ཇེ་མཐོར་གཏང་རྒྱུ།

རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཡུལ་ཚོ་དང་གྲོང་རྡལ(རྫོང་མཁར)བསྡུར་ཚད15%ཇེ་མཐོར་གཏང་རྒྱུ།

འཚོ་བའི་གད་སྙིགས་འཚེ་མེད་ཐག་གཅོད་སྐོར།

གྲོང་ཁྱེར་ནས་ཆ་སྙོམས་སུ98%ཐག་གཅོད་བྱ་རྒྱ།

རྫོང་མཁར(འཛུགས་སྐྲུན་ཁུལ)ནས85%ཡན་ཐག་གཅོད་བྱ་རྒྱུ།

ཞིང་གྲོང95%ཡན་གྱི་འཚོ་བའི་གད་སྙིགས་ཐག་གཅོད་ལེགས་པོ་བྱ་རྒྱུ།

ཞིང་གྲོང་དང་འབྲོག་ཁུལ་གྱི་ཁོར་ཡུག་བཙོལ་ལ་ཞན་པའི་རྣམ་པ་གཞི་རྩའི་ཐོག་བཅོས་སྒྱུར་བྱ་རྒྱུ།

བཙོག་ཆུ་ཐག་གཅོད་སྐོར།

གྲོང་ཁྱེར་ནས་ཆ་སྙོམས་སུ97%ཐག་གཅོད་བྱ་རྒྱ། རྫོང་མཁར་ནས95%ཡན་ཐག་གཅོད་བྱ་རྒྱུ།

སྒྲིག་ཁོངས་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་འཚེ་མེད་ཐག་གཅོད་ཚད་དང་འཚོ་བའི་བཙོག་ཆུ་ཐག་གཅོད་ཚད་ཇེ་མཐོར་གཏང་རྒྱུ།

སྤྱིའི་དམིགས་འབེན

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདེ་ཐང་ལ་གནོད་པའི་རྒྱུ་དང་རྐྱེན་ཅི་ཡོད་བཅོས་སྐྱོང་བཟང་པོ་བྱ་རྒྱུ།

བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ཏུ་དར་སྤེལ་གཏང་རྒྱུ།

བདེ་ཐང་ཞབས་ཞུའི་ཆུ་ཚད་ཇེ་ལེགས་ནས་ཇེ་ལེགས་སུ་གཏང་རྒྱུ།

མི་དམངས་མང་ཚོགས་ཀྱི་ཡ་རབས་ཚུལ་ལྡན་གྱི་འཕྲོད་བསྟེན་གོམས་གཤིས་ཡག་པོ་ཆགས་སུ་འཇུག་རྒྱུ།

བདེ་ཐང་ལ་ཕན་པའི་སྤྱི་ཚོགས་ཁོར་ཡུག་དང་སྲིད་ཇུས་ཁོར་ཡུག་སྔར་ལས་ལྷག་པར་ལེགས་བཅོས་བྱ་རྒྱུ།

སྤྱི་གཞུང་འཕྲོད་བསྟེན་གནད་དོན་སྔོན་འགོག་ཚོད་འཛིན་ཕན་པ་ཅན་བྱ་རྒྱུ།

གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཚན་རིག་དང་མཐུན་པའི་བདེ་ཐང་གི་ལྟ་བ་རིམ་བཞིན་གྲུབ་ནས་བདེ་ཐང་གི་ཆུ་ཚད་ཇེ་མཐོ་ནས་ཇེ་མཐོར་གཏང་རྒྱུ།

ཁོན་ཐར་འཚོས་བསྒྱུར།