ད་ལོར་མཚོ་སྔོན་གྱི་དམངས་ཚིས་ལས་གཞི41ཕྱིར་བཏོན་པ།

    མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2020ལོའི་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཆེན་པོ་བཅུ་ཡི་དམངས་ཚིས་ལས་གཞི41ཕྱིར་བཏོན་འདུག ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད”མཇུག་བསྡུ་བའི་ལོ། ལོ་བརྒྱའི་དམིགས་འབེན་མངོན་འགྱུར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ། དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ཡོངས་འགྲུབ་ཀྱི་ལོ་བཅས་ཡིན་པ་རེད། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་ཏན་ཏིག་བྱ་ཆེད། ད་ལོར་མུ་མཐུད་ཕྱོགས་ཆེན་པོ་བཅུ་ཡི་དམངས་ཚིས་དོན་དངོས41ལེགས་པོར་བསྒྲུབ་ནས་དམངས་ཚིས་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་སྤེལ་བྱ་རྒྱུ་རེད།

1ལས་ཞུགས་སྔོན་སྒྲུབ་ལས་གཞི།

ལས་རིགས་ལག་རྩལ་མཐོར་འདེགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། ཁེ་ལས་ལས་བཟོ་པ་དང་། ལས་ཞུགས་དཀའ་ངལ་ཅན། དབུལ་པོ་དང་ཁྱིམ་ཚང་དཀའ་ངལ་ཅན་གྱི་ངལ་རྩོལ་ནུས་ཤུགས་ཐད་ལ་གསབ་དངུལ་རང་བཞིན་གྱི་ལས་རིགས་ལག་རྩལ་ཟབ་སྦྱོང་མི་ཐེངས་ཁྲི10སྤེལ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་དྲུག་ལས་ཀར་འཇུག་རྒྱུ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི105ལས་ཞུགས་སུ་བསྒྱུར་རྒྱུ། ཟབ་སྦྱོང་གི་ནང་དོན་ཇེ་ལེགས་དང་། ཟབ་སྦྱོང་གི་ལས་རིགས་སྙོམ་སྒྲིག སློབ་ཁྲིད་ཀྱི་དུས་ཚོད་ཁ་གསབ། ལས་རིགས་ལག་རྩལ་སློབ་གླིང་གི་ཟབ་སྦྱོང་མུ་སྤེལ་ལ་ཤུགས་སྣོན་སོགས་བྱེད་ཐབས་བཏོན་ནས་ཟབ་སྦྱོང་གི་ནང་དོན་དང་ཁྲོམ་རའི་དགོས་མཁོ་གཉིས་འཕྲོད་པོ་ཡོང་ཐབས་བྱ་རྒྱུ།

2སློབ་གསོའི་རྨང་བརྟན་ལས་གཞི།

མེད་པ་གསར་འཛུགས་དང་ཡོད་པ་རྒྱ་བསྐྱེད་དེ་བུ་བཅོལ་ཁང15བསྐྲུན་རྒྱུ། འོས་འགན་སློབ་གསོའི་ཞན་ཆ་ཁ་གསབ་དང་ནུས་པ་མཐོར་འདེགས་སུ་གཏོང་བའི་ལས་གཞིར་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོ་གཉེར་བའི་སློབ་གྲྭ90གསར་དུ་གཟུགས་རྒྱུ། སློབ་རའི་ཁོར་ཡུག་ལྗང་སྒྱུར་ལས་གཞི75ལག་བསྟར་དང་། ལས་རིགས་སློབ་གྲྭ20ལ་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཆེད་ལས་འཛུགས་རོགས་བྱ་རྒྱུ།

5སྡོད་ཁང་འགན་སྲུང་ལས་གཞི།

 གྲོང་ཁྱེར་གྱི་ཁང་རྙིང་ཁྲི1.13དང་གྲོང་ཁུལ་གྱི་སྡོད་ཁུལ་རྙིང་པ་ཁྲི5ལེགས་སྒྱུར་ལས་གཞིའི་འགོ་བསླང་སྟེ།རོང་འབྲོག་པ་ཁྲི3གྱི་སྡོད་ཁང་དང་ཁོར་ཡུག་ཕྱོགས་བསྡུས་ལེགས་བསྒྱུར་ལས་གཞི་ལག་བསྟར་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དབང་ལྡན་ལག་འཁྱེར་སྒྲུབ་ཚུལ་ལ་དག་ཐེར་བྱས་ནས་ཤུལ་ལུས་གནད་དོན་མང་པོར་ཁག་བཞག་ནས་གཏན་འཇགས་རྒྱུ་ནོར་གྱི་དབང་ལྡན་དཔང་ཡིག་ལེན་ཐུབ་མེད་པའི་གནད་དོན་དམིགས་སུ་ཐག་གཅོད་བྱ་རྒྱུ།

6བདེ་ཐང་མཚོ་སྔོན་གྱི་ལས་གཞི།

ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་འགག་གཏོར་བྱ་བར་སྐུལ་འདེད་ཏན་ཏིག་བྱས་ཏེ། མི་ཁྲི12འདེམས་བཤེར་དང་། སློབ་མ་སོགས་གལ་ཆེ་བའི་མི་ཁྲི5.9ལ་ནད་བཤེར་བྱ་རྒྱུ་དང་། མི་ཁྲི1.5ཡི་འདུས་འདྲིལ་གཅོང་ནད་ལ་རིན་མེད་ཞིབ་བཤེར་བྱ་རྒྱུ། ཟླ་བ་དྲུག་ནས་ཟླ་བ་ཉེར་བཞི་བར་གྱི་ཕྲུ་གུ་ཁྲི10ལ་བཅུད་ལྡན་ཟས་རིགས་རིན་མེད་མཁོ་འདོན་བྱས་ནས་བྱིས་པའི་ཟས་བཅུད་བཟང་བོ་མཁོ་འདོན་ལེགས་སྒྱུར་ལས་གཞི་ཁེབས་ཚད100%ལ་བསླེབ་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གྲབས་གསོག་ཚད་གཞི་མུ་མཐུད་ནས་སྙོམས་སྒྲིག་བྱས་ཏེ། ནད་སྡོད་སྨན་བཅོས་ཀྱི་འགྲོ་གྲོན་དེ་སྨན་བཅོས་འགན་སྲུང་གི“དཀར་ཆག་གསུམ”ལས་མི་སྒེར་གྱི་སྨན་རིན་གཏོང་ཚད་ཇེ་ཉུང་དུ་གཏང་རྒྱུ། སྨན་རྫས་ཕྱོགས་བསྡུས་བསྡུ་ཉོ་ལ་ཤུགས་བསྣན་ཏེ་སྨན་གོང་ཟོལ་འཕར་གྱི་གནད་དོན་ཐག་གཅོད་རྒྱུ། བདེ་སྲུང་བཟའ་ཆས་བདེ་འཇགས་དང་ཉེན་ཁར་ལྟ་ཞིབ་ཚད་ལེན་ཐད་འཐེན་བཤེར་སྐོར་ཐེངས80བྱ་རྒྱུ་དང་། ཕྲུ་གུའི་བཟའ་ཆས་སྡེབ་སྦྱོར་བདེ་འཇགས་ཐད་སྐོར་ཐེངས15བྱས་ནས་འཐེན་བཤེར་བྱ་རྒྱུ།

7རྒན་གཉོར་བྱིས་སྐྱོང་ལས་གཞི།

ལས་འཁྱུར་ངལ་གསོ་བའི་རྒན་གསོ་མ་དངུལ་དང་ཕོགས་ཐོབ། ལས་ཤོར་ཉེན་འགོག་འགན་ལེན་གྱི་ཚད་གཞི་དང་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏང་རྒྱུ། ཐོག་མར་རྒན་གསོའི་མལ་ཁྲི་མི་འདང་བའི་གནད་དོན་གཙིགས་སུ་བཟུང་ནས་ཁྱིམ་ཚང་གི་རྒན་གཉོར་མལ་ཁྲི་དང་། ད་ཡོད་ཀྱི་ཐོན་ཁུངས་ལེགས་སྒྲིག་ཧུར་ཐག རོགས་རེས་རྣམ་པའི་ཞིང་གྲོང་རྒན་གཉོར་གོང་སྤེལ་ལ་སོགས་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་རྒན་གསོར་མལ་ཁྲི་མཁོ་རྒུ་འདོན་རྒྱུ་དང་། བོད་ཁུལ་དྲུག་གི་རྒན་གསོ་མལ་ཁྲི་ལྷག་མར་གྱུར་བའི་གནད་དོན་ཐོག་མར་ཐག་གཅོད་དང་། ད་ཡོད་ཀྱི་བུ་བཅོད་ཁང་གི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་བུ་བཅོལ་སློབ་གསོའི་ཀུན་ཕན་ཞབས་ཞུར་སྐུལ་འདེད་གཏང་རྒྱུ།

8དབུལ་སྐྱོར་དཀའ་སེལ་ལས་གཞི།

གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གཉོར་སྐྱོང་ཚད་གཞི་ཇེ་མཐོར་གཏང་རྒྱུ་དང་། དབང་སྐྱོན་བྱིས་པ3200ལ་ལུས་གསོ་རོགས་སྐྱོབ་ཞབས་ཞུ་དང་དབང་སྐྱོན་ཁྲི1ལ་གཞི་རྩའི་རམ་འདེགས་ཡོ་ཆས་འོས་འཚམ་རེ་ཡི་ཞབས་ཞུ་འདོན་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཅན“སྐྱེས་མའི་སྐྲན་ནད་གཉིས”གང་རུང་ཕོག་བའི་བུད་མེད300ལ་རོགས་སྐྱོབ་བྱ་རྒྱུ། དབུལ་ཐར་འགག་འཕྲང་ལས་ཡོངས་སུ་སྒྲོལ་བའི་གྲུབ་འབྲས་ཇེ་བརྟན་དང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་ནང་རྐྱེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དབུལ་ལོག་མི་འབོར་དང་གསར་བྱུང་ཁྱིམ་ཚང་དབུལ་པོ་འཕྲལ་མར་རོགས་སྐྱོར་གྱི་གྲས་སུ་ལེན་རྒྱུ། བདེ་ཐང་དབུལ་སྐྱོར་ལ་ཤུགས་བསྣན་ཏེ། ནད་སྡོད་སྨན་བཅོས་འགྲོ་གྲོན་གྱི་འགན་ལེན་དང་སྒེར་ངོས་རྩིས་སྤྲོད་ཀྱི་བསྡུར་ཚད90%ཡན་གཏན་འཇགས་ཡོང་བ་བྱ་རྒྱུ།

9རིག་གནས་ལུས་རྩལ་གྱི་དམངས་ཕན་ལས་གཞི།

སྲིད་གཞུང་གི་སྤྱི་གཞུང་ཞབས་ཞུ་ཉོ་སྒྲུབ་ལ་སྐུལ་འདེད་བཏང་སྟེ། “ཟློས་གར་ཞིང་གྲོང་དུ་བསྐྱོད”ཅེས་པའི་རིག་རྩལ་འཁྲབ་སྟོན2000སྤེལ་རྒྱུ་དང་། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་གྱི་ཁྱབ་གདལ་གཞི་ཁྱོན་ཇེ་ཆེར་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོ། སྡོད་ཁུལ། དགོན་སྡེ100རུ་དམངས་ཡོངས་ཀྱི་ལུས་སྦྱོང་ཡོ་ཆས་བསྒྲིག་རྒྱུ།

10བདེ་སྐྱིད་ཁྱིམ་གཞིས་ལས་གཞི།

“མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ”10འཛུགས་སྐྲུན་ལས་གཞིའི་ལས་མགོ་བསླང་རྒྱུ། “མཐོ་སྒང་གི་མཛེས་པའི་ཞིང་གྲོང”དང་། གྲོང་ཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། “སྤྱོད་ཁང་བཅོས་སྒྱུར”ལ་ཤུགས་བསྣན་ཏེ། གཅིག་གྱུར་འཆར་འགོད་བཟོས་ནསགྲོང་ཚོ300ལེགས་འགྲུབ་བྱ་རྒྱུ། འཐུང་ཆུའི་བདེ་འཇགས་ཕྱོགས་ཀྱི་མི་མངོན་ཉེན་ཁར་གཞིགས་ཏེ། ལས་གཞི་རིམ་སྤར་ཐོག་གཉེར་སྐྱོང་དོ་དམ་ཤུགས་སྣོན་ལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཐུང་ཆུའི་བདེ་འཇགས་ཀྱི་འཛུགས་སྐྱོང་གྲུབ་འབྲས་ཇེ་བརྟན་དང་ཞིང་འབྲོག་པའི་འཐུང་ཆུའི་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ།

11སྤུས་ལེགས་ཞིང་སྤེལ་ལས་གཞི།

རྫས་འགྱུར་ལུད་རྫས་ཉུང་སྤྱོད་དང་འབྲས་བཟང་ལོན་པའི་ལས་ཀ་མུ་མཐུད་དུ་བསྒྲུབས་ཏེ། རྫས་འགྱུར་ལུད་རྫས་དང་ཞིང་སྤྱོད་ལུད་རྫས་བཀོལ་ཚད་ལོ་སྔོན་མ་ལས20%དང་10%ཇེ་ཉུང་དུ་གཏང་རྒྱུ། འབྲི་གཡག་དང་བོད་ལུག་ཐོན་སའི་ཁོངས་འདེད་ལས་གཞི་ཚོད་ལྟའི་ཐོག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དེ་བོད་ཁུལ་གྱི་འབྲོག་ལས་རྐྱང་པའི་རྫོང་དུ་དར་ཁྱབ་གཏང་རྒྱུ། ཕག་གསོ་རོགས་སྐྱོར་སྲིད་ཇུས་ལག་བསྟར་དང་། སོན་བཟང་འདེབས་གསོ་ཆུ་ཚད་མཐོར་འདེགས། ཕག་གསོ་ར་བ་འཛུགས་སྐྲུན་ལ་སོགས་བྱེད་ཐབས་ལ་བརྟེན་ནས་ཕག་ཤ་ཐོན་སྐྱེད་སླར་གསོ་ཐོག་མཁོ་འདོན་ལ་འགན་སྲུང་དང་རིན་གོང་གཏན་འཇགས་ཡོང་བ་བྱ་རྒྱུ།

12བདེ་འཇགས་མཚོ་སྔོན་ལས་གཞི།

ཟི་ལིང་གནམ་ཐང་གི་དུས་བཅད་གཉིས་པའི་ལས་འགོ་རྩོམ་རྒྱུ་དང་། མུ་མཐུད་ཡུལ་ཤུལ་གནམ་ཐང་རྒྱ་བསྐྱེད་གཏང་རྒྱུ། ནག་ཚོགས་གཤེད་འབྲེལ་དང་། རྐུ་འཕྲོག བསླུ་བྲིད། ཤོ་རྒྱག བཟའ་ཆས་ཐད་ཀྱི་གནད་དོན་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་ཉེས་དམིགས་ལ་རྡུང་རྡེག་ཚ་ནན་གཏང་རྒྱུ། གློག་འཕྲིན་དྲ་རྒྱའི་གསར་བྱུང་ཁྲིམས་འགལ་ཉེས་བསགས་ལ་མཐའ་གཅིག་ཏུ་ཚ་རྡུང་གཏང་རྒྱུ། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ15ཡི་ཕུག་སྒོའི་ལམ་བྱང་དང་མཚོན་རྟགས། ལམ་སྐྱོར། དཀྱོག་མཚམས་བཅས་ཀྱི་ཉེན་ཟོན་དང་ལམ་སྟོན་སྒྲིག་ཆས་ལེགས་སྒྲིག་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་རིམ་པ་ཇེ་མཐོར་གཏང་རྒྱུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས“རྒྱལ་ཡོངས་ཕྱོགས་བསྡུས་གནོད་ཉུང་དཔེ་སྟོན་སྡོད་ཁུལ”10ནས20གསར་འཛུགས་བྱས་ཏེ། གཞི་རིམ་སྡོད་ཁུལ་གྱི་ཕྱོགས་བསྡུས་གནོད་འགོག་ནུས་པ་ཇེ་མཐོར་གཏང་རྒྱུ།

 


ཁོན་ཐར་འཚོས་བསྒྱུར།