རྨ་ལྷོ་ཁུལ་གྱིས“ཆུ”བརྗོད་སྙིང་དུ་བཟུང་ནས་དོན་དངོས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་བ།

རང་རེའི་དྲ་བའི་འཕྲིན། མི་དམངས་མང་ཚོགས་ཀྱི་ཆུའི་བདེ་འཇགས་དང་ཆུ་ལ་གྲོན་ཆུང་བྱེད་པ། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བཅས་མཐོར་འདེགས་སུ་གཏང་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་མ་ལག་གིས་ཟླ3ཚེས22ཉིན་ཏེ། སྐབས་ཉེར་བརྒྱད་པའི“འཛམ་གླིང་ཆུ་ཡི་ཉིན་མོ”དང་ཟླ3ཚེས22ནས་ཚེས28ཉིན་བར། སྐབས་སོ་གསུམ་པའི“ཀྲུང་གོའི་ཆུ་ཡི་གཟའ་འཁོར”གཉིས་གོ་སྐབས་སུ་བཟུང་སྟེ། ཉིན་འགའི་རིང་ལ་ཁུལ་ཡོངས་སུ“ཆུ་ལ་གྲོན་ཆུང་བྱེད་པར་རྒྱུན་འཁྱོངས་དང་བདེ་སྐྱིད་ཀྱི་གཙང་པོ་དང་མཚེའུ་སྲུང་སྐྱོབ་བྱེད་པ”ཞེས་པའི་བརྗོད་དོན་ཡིན་པའི་དོན་དངོས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ།

དོན་དངོས་དྲིལ་སྒྲོག་གི་བྱེད་སྒོའི་ཁྲོད། རྨ་ལྷོ་ཁུལ་གྱི་རྫོང་བཞི་ཡིས་གཙང་པོ་དང་མཚེའུའི་དོ་དམ་འགོ་པའི་གཞུང་སྒྲུབ་ཁང་གི་གྲོས་གཞི་དང་བསྟུན་ནས། ས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་རྐང་བཙུགས་ཏེ་བྱེད་སྒོའི་ཇུས་གཞི་གཏན་འབེབས་སྒོས། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ཆུའི་བཅའ་ཁྲིམས་ལ་རྒྱུས་ལོན་བྱེད་པ་གསར་སྐྲུན་དང་ཆུ་བེད་ལ་མཐོང་ཆེན། གཙང་པོ་དང་མཚེའུའི་མཁའ་དབུགས་ལེགས་པོ་འཛུགས་སྐྲུན་བཅས་བྱས་ཡོད། རེབ་གོང་རྫོང་གིས་ཆུ་བེད་ཆེད་མཁས་པ་གདན་འདྲེན་སྒོས་ཆུའི་བཅའ་ཁྲིམས་སྒྲོག་འགྲེལ་དང་ཆུ་ལོག་སྔོན་འགོག ཆུའི་སྐོར་གྱི་སྒྲིག་སྲོལ་སོགས་ཁྱབ་སྒྲོག་བྱས། དེ་མིན“འཛམ་གླིང་ཆུ་ཡི་ཉིན་མོ་ཚེ་སྲོག་ལ་སོ་སྲུང་བྱེད་པའི་འགོ་ཁུངས”ཞེས་པའི་འབྲེལ་ཡོད་ཤེས་བྱ་དང“མཚོ་སྔོན་ཞིང་ཆེན་གྱིས་ཆུ་ལ་གྲོན་ཆུང་དང་དོ་དམ་བྱེད་ཐབས”ཀྱི་དྲིལ་སྒྲོག་བརྡ་ཁྱབ་སྤེལ་ཏེ། ཐད་མཐོང་གི་ཆ་ནས་ཆུ་ལ་གྲོན་ཆུང་བྱེད་པར་རྒྱུན་འཁྱོངས་སྒོས་དྭངས་གཙང་གི་གཙང་པོ་དང་མཚེའུ་འཛུགས་སྐྲུན་གྱི་འདུ་ཤེས་བཟུང་ཡོད། གཅན་ཚ་རྫོང་གིས་དྲིལ་སྒྲོག་བརྗོད་དོན་དམ་འཛིན་སྒོས་ཕྱི་རོལ་གྱི་སྒྲིབ་ཡོལ་ཆེན་མོ་བེད་སྤྱད་དང་འགྲུལ་སྐྱེལ་རླངས་འཁོར་སོགས་གནས་སྤོར་སྨྱན་སྦྱོར་ལ་བརྟེན་ནས་བརྗོད་དོན་ཁ་གཡང་ཐད་གཏོང་བྱས། དེ་མིན“འཁྱུག་དབྱངས”སོགས་སྟེགས་བུར་བརྟེན་ནས་དྲ་ལམ་དྲིལ་སྒྲོག་སྤེལ་ཡོད། རྩེ་ཁོག་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་མི་སྣ5ཡི་ཚན་ཆུང་མངགས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་སྡེ་བ་དང་གཞིས་ཁུལ་སོ་སོ་རུ་དོན་དངོས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་ནས། འབྲོག་དམངས་ལ་ཆུ་ཡི་བཀོལ་རྒྱ་མོད་པ། ཡང་དང་བསྐྱར་དུ་བེད་སྤྱོད་བྱེད་པ། ཆུ་ཆུད་ཟོས་སུ་གཏོང་བ་གཏན་འགོག་བྱས། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་ན་གཞོན་དང་བླངས་མི་སྣ12རྩ་འཛུགས་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྡེ་བ་དང་གཞིས་ཁུལ་དུ་སོང་ནས། བཏུང་ཆུ་དང་ཆུ་འགོའི་མང་ཚོགས་ལ་ཆུའི་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་ཐན་སྐམ་གནོད་འཚེ་སྔོན་འགོག གཙང་པོ་དང་མཚེའུ་ལམ་ལུགས་བྱ་བ། ཞིང་སྡེའི་བཏུང་ཆུའི་བདེ་འཇགས་སོགས་ཀྱི་ནང་དོན་སྐོར་གྱི་དཔྱད་གཞིའི་ཡིག་ཆ4180མར་བཀྲམ་པ་དང་མང་ཚོགས་ལ་སྣེ་ཁྲིད་སྒོས་ཆུ་ལ་བཅོས་སྐྱོང་དང་བདག་སྐྱོང་བྱས་པ་རེད།

དེ་དང་ཆབས་ཅིག ཁུལ་དེས་གཉན་ཐོག་དང་ཁམས་ར། ཉིན་མཐའ་སོགས་ཡུལ་ཚོ་དང་གྲོང་རྡལ་དག་གིས་འཕྲོ་རིམ་འཕྲོར“ཆུ་ལ་གྲོན་ཆུང་དང་ཆུ་ལ་སྲུང་སྐྱོབ།” “གཙང་པོ་དང་མཚེའུ་ལ་སྲུང་སྐྱོབ”སོགས་རིམ་བསྟར་སྤྱི་ཕན་བྱེད་སྒོ་སྤེལ། རོང་བོ་གྲོང་རྡལ་གྱིས་མི་སྟོང་ལྷག་རྩ་འཛུགས་བྱས་ཏེ་རྨ་ཆུའི་རིམ་པ་དང་པོའི་ཡན་ལག་འབབ་རྒྱུན་དགུ་ཆུའི་བཞུར་རྒྱུན་གྱི་འགྲམ་གཉིས་སུ་གཙང་སེལ་བྱས་ཏེ། གཙང་བོ་སྔར་ལས་གཙང་བ་དང་སྔར་ལས་མཛེས་པར་བཟོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།