རླུང་གཡུག་པ+དྲོད་ཚད་ཆག་པ+ཁ་བ་འབབ་པ་བཅས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་མ་འོངས་པའི་ཉིན་འགའི་གནམ་གཤིས་གནས་ཚུལ།

ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་གསར་དུ་བསྒྲགས་པའི་གནམ་གཤིས་གནས་ཚུལ་གྱི་སྔོན་བརྡ་ལྟར་ན། མཁའ་དབུགས་འཁྱག་པ་དང་ལྷོ་ནུབ་རླངས་རྒྱུན་གྱི་ཤུགས་རྐྱེན་འོག་ཟླ3ཚེས25ཉིན་ནས་ཚེས26ཉིན་བར་རང་ཞིང་དུ་རླུང་གཡུག་པ་དང་དྲོད་གྲང་ཆག་པ། ཁ་བ་འབབ་པ་བཅས་ཀྱི་གནམ་གཤིས་གནས་ཚུལ་འབྱུང་རྒྱུ་ཡིན་པ་རེད།

དེའི་ཁྲོད། མཚོ་ནུབ་ནུབ་རྒྱུད་ལ་ཚད་རིམ6-7བར་གྱི་ནུབ་རླུང་གཡུག་པ། ཟི་ལིང་དང་མཚོ་ཤར་ལ་ཚད་རིམ4-5བར་གྱི་ཤར་ལྷོའི་རླུང་གཡུག་རྒྱུ་ཡིན་ལ། དེར་མ་ཟད་བྱེ་རླུང་གཡུག་པའི་གནམ་གཤིས་ཡང་ཡོད། ཟི་ལིང་དང་མཚོ་ཤར། མཚོ་ལྷོའི་བྱང་རྒྱུད། རྨ་ལྷོ་བཅས་ཀྱི་དྲོད་གྲང་ཆ་སྙོམས་སྒོས་ཧྲེ་ཧྲི་ཏུའུ6-8ལ་ཆག་རྒྱུ་རེད། ཟི་ལིང་གི་ལྷོ་རྒྱུད་དང་མཚོ་ཤར་གྱི་ལྷོ་རྒྱུད། མཚོ་ལྷོའི་ལྷོ་རྒྱུད། ཡུལ་ཤུལ་དང་མགོ་ལོག་གི་བྱང་རྒྱུད་བཅས་ལ་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པ། ཁ་བའི་མཐུདག་ཚད་ཧའོ་རྨིད1-3 ཁ་བ་འབབ་པའི་དུས་ཚོད་གཙོ་བོ་ནི་ཚེས25ཉིན་གྱི་དགོང་མོ་ཡིན་པ་རེད།

བྱེ་བྲག་གི་གནམ་གཤིས་སྔོན་བརྡ།

ཚེས25ཉིན་གྱི་ཕྱི་དྲོ་ནས་མཚན་གུང་བར། མཚོ་ནུབ་ནུབ་རྒྱུད་ལ་ཚད་རིམ6-7བར་གྱི་ནུབ་རླུང་གཡུག་པ་དང་ས་ཁུལ་མང་ཤོས་ལ་བྱེ་རླུང་གཡུག་རྒྱུ་ཡིན་པ། ཟི་ལིང་དང་མཚོ་ཤར་ས་ཁུལ་ལ་ཚད་རིམ4-5བར་གྱི་ཤར་ལྷོའི་རླུང་དང་རྡུལ་འཚུབ་རླུང་ཆེན་གཡུག་རྒྱུ་ཡིན་པ། ཡུལ་ཤུལ་གྱི་བྱང་རྒྱུད་ལ་ཁ་བ་འབྲིང་ཙམ་དང་ཟི་ལིང་གི་ལྷོ་རྒྱུད། མཚོ་ཤར་གྱི་ལྷོ་རྒྱུད། མཚོ་ལྷོའི་ལྷོ་རྒྱུད། ཡུལ་ཤུལ་གྱི་ལྷོ་རྒྱུད། མགོ་ལོག་གི་བྱང་རྒྱུད་བཅས་ལ་ཁངས་ཆུང་ཆུང་འབབ་རྒྱུ་རེད།

ཚེས26ཉིན་གྱི་ཉིན་དཀར་ནས་མཚན་མོའི་བར། མཚོ་ལྷོའི་ལྷོ་རྒྱུད་དང་རྨ་ལྷོ་ལ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད། ཟི་ལིང་དང་མཚོ་ཤར། མཚོ་ལྷོའི་བྱང་རྒྱུད། རྨ་ལྷོ་བཅས་ཀྱི་དྲོད་གྲང་ཆ་སྙོམས་སྒོས་ཧྲེ་ཧྲི་ཏུའུ6-8བར་ལ་ཆག་རྒྱུ་ཡིན་པ་རེད།

གནམ་གཤིས་ཆེད་མཁས་པས་དྲན་སྐུལ་གསལ་འདེབས། ཉེ་ལམ་རང་ཞིང་དུ་རླུང་གཡུག་པ་དང་མཁའ་དབུགས་ལ་སྐམ་ཤས་ཆེ་བ། གཤིན་སའི་བརླན་ཚད་ཤོར་བ་མྱུར་པ་བཅས་ཀྱིས་ཞིང་ལས་ས་ཁུལ་དག་གིས་གཤིན་སའི་ཆུའི་འདུས་ཚད་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ། ཆུ་གཏོང་བ་དང་བརླན་ཚད་ཇེ་མཐོར་བཏང་སྟེ་སྔ་མོ་ནས་ས་བོན་འདེབས་པ་ལ་སྐུལ་འདེད་བྱེད་པ། སྔོ་ཚོད་ཀྱི་དྲོད་ཁང་སྲ་བརྟན་དུ་བཏང་ནས་རླུང་འགོག་བྱ་བ་ལེགས་པོ་བསྒྲུབ་དགོས། བྱང་རྒྱུད་ས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཉེན་ཁའི་ཚད་གཞི་ཧ་ཅང་མཐོ་བ། དེའི་ཁར་དཔྱིད་རླུང་གཡུག་པ་དང་དུར་མཆོད་དུས་ཆེན་སྐབས་སུ་མི་རྣམས་ཀྱིས་གདུང་མཆོད་བྱེད་སྒོ་འདྲ་མིན་ཡང་སྤེལ་བཞིན་ཡོད་པས། མེ་སྐྱོན་སྔོན་འགོག་གི་བདེ་འཇགས་བྱ་བར་ཤུགས་སྣོན་བྱེད་དགོས། དྲོད་གྲང་ཆག་པ་དེས་ཞིང་ལས་དང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་པས། ཤར་རྒྱུད་ཞིང་ལས་ས་ཁུལ་གྱིས་ཞིང་ལས་ཀྱི་གྲང་འགོག་དྲོད་སྲུང་སྒྲིག་ཆས་ལེགས་སྒྲིག་བྱེད་དགོས། ཕྱུགས་ལས་ས་ཁུལ་གྱིས་སྒོ་ཕྱུགས་ཀྱི་གཟན་ཆས་དང་ལུ་གུའི་དྲོད་སྲུང་བདག་སྐྱོང་བྱ་བ་ལེགས་པོར་སྒྲུབ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།