ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཀྱི་ནད་པའི་གྲངས་ཀ་ཁྲི33ལ་བུད་ཅིང་། དེ་ལས་ཨ་རིར་ནད་པ་ཁྲི6ལྷག་བྱུང་། འཛམ་གླིང་ཡོངས་ཀྱི་ནད་པའི་ཤི་གྲངས་ཁྲི2ལ་བུད་པ།

རང་རེའི་དྲ་བའི་འཕྲིན། ཨ་རིའི་ཡེ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལྟའི་བར་ཨ་རིའི་ཤར་ཁུལ་ཀྱི་ཚེས25ཉིན་གྱི་དུས་ཚོད15དང་སྐར་མ30སྟེ། པེ་ཅིན་རྩིས་ཀྱི་ཚེས26ཉིན་གྱི་དུས་ཚོད3དང་སྐར་མ30ཡི་སྟེང་། ཨ་རིར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ངོས་འཛིན་བྱས་པའི་ནད་པའི་ཁ་གྲངས62086ལ་འཕར་བ་དང་ཚེ་འདས་ནད་པའི་གྲངས་ཀ869རེད། གཞི་གྲངས་ལྟར་ན། ནད་རྟགས་ངོས་འཛིན་བྱས་པའི་ནད་པ་ཆེས་མང་ས་ནི་གྲོང་ཁྱེར་ཉུག་ཡོག་ཁུལ་རེད་ལ། ནད་པ་མི་གྲངས30811ལ་འཕར། ཉིའུ་སེ་གསར་པའི་ཁུལ་དུ་ནད་པ4402དང་ཅཱ་ལེ་ཧྥུ་ཉེ་ཡ་ཁུལ་དུ་ནད་པ2660ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟའི་བར་ཨ་རིའི་ཤར་ཁུལ་གྱི་ཚེས25ཉིན་གྱི་དུས་ཚོད15སྟེ་པེ་ཅིན་རྩིས་ཀྱི་ཚེས26གྱི་དུས་ཚོད3གྱི་སྟེང་། གོ་ལ་ཧྲིལ་བོར་ཏོག་གསར་གློ་ཚད་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ20550ཡོད། ད་ལྟའི་ཆར་རྐྱེན་འདས་ནད་པའི་ཁ་གྲངས་ཆེས་མང་པོའི་རྒྱལ་ཁབ་ནི་དབྱི་ཐ་ལི་རེད་ལ། རྐྱེན་འདས་ནད་པའི་ཁ་གྲངས7503ལ་བུད་འདུག ཀྲུང་གོ་ལས་གཞན་རྐྱེན་འདས་ནད་པའི་ཁ་གྲངས་སྟོང་གི་ཡན་ལ་བུད་པའི་རྒྱལ་ཁབ་ལ་སི་ཕེན་དང་དབྱི་རག ཧྥ་རན་སི་བཅས་རེད།

གཞི་གྲངས་འདི་དག་ནི་སློབ་ཆེན་དེས་ཏོག་གསར་ནད་དུག་ཞིབ་འཇུག་ལས་གཞི་དེས་ཨ་རིའི་ཁུལ་སོ་སོ་དང་རྒྱལ་ཁབ་སོ་སོ། ས་ཁུལ་སོ་སོ་བཅས་ཀྱི་རིམས་ནད་གནས་ཚུལ་སྙན་ཞུ་ཕྱོགས་སྡོམ་བྱས་པ་རེད།


འབྲེལ་ཡོད་སྙན་ཞུ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་ཏོག་་གསར་གློ་ཚད་ནད་པའི་ནད་རྟགས་ངོས་འཛིན་ཁ་གྲངས332331ལ་བུད་ཡོད་པ་བསྒྲགས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས25ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ནད་པའི་ནད་རྟགས་ངོས་འཛིན་ཁ་གྲངས332331ལ་བུད་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ད་ལྟའི་བར་ཡོབ་གླིང་དབུས་ཁུལ་རྩིས་ཀྱི་ཚེས25ཉིན་གྱི་དུས་ཚོད10སྟེ་པེ་ཅིན་རྩིས་ཀྱི་ཚེས25ཡི་དུས་ཚོད17སྟེང་། ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ནད་རྟགས་ངོས་འཛིན་བྱས་པའི་ནད་པའི་ཁ་གྲངས་དེ་ཉིན་སྔོན་མ་ལས་མི་གྲངས40611གིས་ཇེ་མང་དུ་སོང་བ་དང་ནད་པའི་ཁ་གྲངས332331ལ་བུད་ཡོད།

གོ་ལ་ཧྲིལ་བོའི་ཁྱབ་ཁོངས་ནང་ཏོག་གསར་གློ་ཚད་ནད་རྟགས་ངོས་འཛིན་བྱས་པའི་ནད་པའི་ཁ་གྲངས་དེ་ཉིན་སྔོན་མ་ལས40712གྱིས་ཇེ་མང་དུ་སོང་ཞིང་། སྤྱིའི་ཁ་གྲངས414179ལ་སླེབས་ཡོད།

འདས་ཟིན་པའི་དུས་ཚོད24ཡི་ནང་རྒྱལ་ཁབ་གཉིས་ཀྱིས་ནད་རྟགས་ངོས་འཛིན་བྱས་པ་ཆེས་ཐོག་མར་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་དེ་གཉིས་སོ་སོ་ལའོ་ཝུའོ་དང་ལི་པི་ཡ་གཉིས་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།