ཟླ3པའི་ཚེས25ཉིན། རྒྱལ་ཡོངས་ནས་ཏོག་གསར་གློ་ཚད་འགོས་པའི་ནད་པ67གྱིས་ཇེ་མང་དུ་སོང་།

རང་རེའི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་ལྟར་ན། ནད་རྟགས་ཐག་བཅད་པའི་ཏོག་གསར་གློ་ཚད་ཀྱི་ནད་པ67དང་། ཚེ་ལས་འདས་པའི་ནད་པ6གསར་དུ་འཕར་ཡོད་ལ། གསར་དུ་འཕར་བའི་དོགས་ཡོད་ནད་པ58ཡོད།

ཉིན་དེར་གསར་དུ་ནད་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པའི་ནད་པ401ཡོད་པ་དང་། ནད་འགོས་མེད་པའི་ནད་པ721ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག ནད་པ་ལྕི་མོ164ཇེ་ཉུང་དུ་སོང་པ་རེད།

ཟླ3པའི་ཚེས25ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པ་ལྟར་ན། ད་ལྟ་ནད་པ3947ཡོད་ཅིང་། དེའི་ནང་ནད་པ་ལྕི་མོ1235ཡོད། ད་ལྟའི་བར་ཁྱོན་བསྡོམས་ཏོག་གསར་གློ་ཚད་ནད་པ74051སྨན་ཁང་ནས་བུད་ཅིང་། དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པ3287ཡོད། ནད་རྟགས་ཐག་བཅད་པའི་ནད་པ་ཁྱོན་བསྡོམས81285ཡོད་ལ། དོགས་ཡོད་ནད་པ159ཡོད།

ད་སྔར་ནད་པ་དང་འབྲེལ་འདྲིས་ཟབ་མོ་ཡོད་པའི་མི695305ཡོད་ཅིང་། མི14714ལ་མུ་མཐུད་དུ་སྨན་བཅོས་ལྟ་ཞིབ་བྱེད་བཞིན་ཡོད།

ཧུའུ་པེ་ལ་ཏོག་གསར་གློ་ཚད་འགོས་པའི་ནད་རྟགས་ཐག་བཅད་པའི་གསར་བྱུང་ནད་པ་མེད་པ་དང་། རིམས་ནད་ལས་འདས་པའི་ནད་པ6། ནད་དྲག་ནས་ཕྱིར་བུད་པའི་ནད་པ391ཡོད། ད་ལྟ་ནད་རྟགས་ཐག་བཅད་པའི་ནད་པ3431ཡོད་ཅིང་། དེའི་ཁྲོད་ནད་པ་ལྕི་མོའི་རིགས1201ཡོད། ནད་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་ཁྱོན་བསྡོམས61201དང་འདས་པའི་ནད་པ་ཁྱོན་བསྡོམས3169ཡོད་ལ། ནད་རྟགས་ཐག་བཅད་པའི་ནད་པ་ཁྱོན་བསྡོམས67801ཡོད། གསར་དུ་འཕར་བའི་དོགས་ཡོད་ནད་པ་མེད།

ཟླ3པའི་ཚེས25ཉིན། ཕྱི་རྒྱལ་ནས་ཚུར་འགོས་པའི་ཏོག་གསར་གློ་ཚད་ནད་པ67(ཧྲང་ཧེ་ནད་པ18། པེ་ཅིང་ནད་པ6། ཀོང་ཏུང་ནད་པ11།ཧྥུའུ་ཅན་ནད་པ6། ཐེན་ཅིན་ནད་པ2། ནང་སོག་ནད་པ12། ཅིང་སུའུ་ནད་པ2། ཅིས་ལེན་ནད་པ1། ཀྲོའུ་ཅིང་ནད་པ2། ཧྲན་ཞིས་ནད་པ3།ཡོན་ནན་ནད་པ2། ཧྲན་ཞི་ནད་པ1། ཧོའུ་ནད་ནད་པ1།)གསར་དུ་འཕར་ཡོད་པ་དང་། ཟླ3པའི་ཚེས25ཉིན་གྱི་བར་དུ། ཕྱི་རྒྱལ་ནས་ཚུར་འགོས་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྱོན་བསྡོམས541ཡོད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་སུ་ཁྱོན་བསྡོམས་ནད་པ675ཡོད་ཅིང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ410དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ30། ཐེ་ཝན་ས་ཁུལ་དུ་ནད་པ235བཅས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།