རང་རེའི་ཞིང་ཆེན་གྱིས་གསར་དུ་བཀོད་སྒྲིག་བྱས་པའི་དབུལ་ཐར་འགག་སྒྲོལ་གྱི་ལས་བྱེད་པའི་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉིན་ཤས་གོང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་དང་མཉམ་དུ《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་བྱེད་པའི་དཔུང་ཁག་རེས་སྐོར་གསོ་སྦྱོང་ནན་ཏན་བྱ་རྒྱུའི་སྐོར་གྱི་བྱ་བའི་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ། རང་ཞིང་གིས་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱས་ནས་གསར་དུ་བཀོད་སྒྲིག་བྱས་པའི་དབུལ་ཐར་འགག་སྒྲོལ་གྱི་ལས་བྱེད་པའི་དཔུང་ཁག་གི་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱ་བ་དེ“ཞིང་ཆེན་རིམ་པས་དཔེ་སྟོན་ལ་དམ་འཛིན། གྲོང་ཁྱེར་དང་ཁུལ་གྱིས་གཙོ་གནད་ལ་དམ་འཛིན། རྫོང་རིམ་པས་མཐའ་སྐྱོང་ལ་དམ་འཛིན”བྱེད་པ་བླང་བྱར་བཟུང་སྟེ། ཞིང་ཆེན་རིམ་པའི་ངོས་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་དང་མཉམ་དུ་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས16གཉེར་བ་དང་། 2019ལོ་ནས་བཟུང་གསར་དུ་བཀོད་སྒྲིག་བྱས་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། གསར་དུ་འདེམས་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ། གསར་དུ་ལེགས་སྒྲིག་བྱས་པའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་བཅས་ལ་གསོ་སྦྱོང་བྱས་ནས་མི1260གསོ་སྦྱོང་བྱས་པ་དང་། ཁྱོན་ཡོངས་ནས་གསོ་སྦྱོང་བྱེད་ཚད68%ཟིན་ཡོད་པ་རེད། མི་སྣ་རིགས་གསུམ་ལྷག་མ་གསུམ་ནི། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཨུའི་རྩ་འཛུགས་པུའུ་ཡིས་དབུལ་སྐྱོར་གསར་སྤེལ་ཅུའུ་དང་མཉམ་དུ་རེས་སྐོར་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ད་ལོའི་ཚུན་དུ་ལས་འགན་གསར་པ་འཁུར་བ་དང་གསར་དུ་ལེགས་སྒྲིག་བྱས་པའི་མི་སྣར“ལེགས་སྒྲིག་བྱས་ཏེ་ངེས་པར་དུ་གསོ་སྦྱོང་བྱ་དགོས”ལ་ཁག་ཐེག་སྲུང་བྱས་པ་རེད།

གསོ་སྦྱོང་གི་དམིགས་གཞིའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏང་ཆེད། རང་རེའི་ཞིང་ཆེན་གྱིས“གང་ཞིག་མི་འདང་བ་དང་གང་ཞིག་ཁ་གསབ་བྱེད་པའི”རྩ་དོན་གཞིར་བཟུང་སྟེ། སློབ་མའི་དགོས་མཁོ་མི་འདྲ་བ་དང་དུས་ཚོད་བཀོད་སྒྲིག་ལ་དམིགས་པ། གསོ་སྦྱོང་གི་བརྗོད་དོན་གཙོ་བོ་མི་འདྲ་བར་དམིགས་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་ཚོ་རིམ་པའི་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་པ། སློབ་ཚན་ཇུས་འགོད་ལེགས་སུ་གཏོང་བ་བཅས་བྱས་ནས་སློབ་མ་ཚོར་སློབ་སྦྱོང་ཐད་གྲུབ་འབྲས་ཐོབ་པ་དང་། སྦྱངས་འབྲས་ཐོན་པ། སྦྱངས་འབྲས་བཀོལ་དུ་ཡོད་པ་བཅས་ཀྱི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག ཞིང་ཨུད་རྩ་འཛུགས་པུས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་བྱེད་པའི་དཔུང་ཁག་རེས་སྐོར་གསོ་སྦྱོང་ལས་དོན་ལོ་འཁོར་གྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་གྱི་ལྟ་སྐུལ་ནང་དོན་ནང་བཅུག་ནས་དུས་ངེས་མེད་ཐོག་ཞིབ་བཤེར་དང་དམག་འཐབ་ལ་ལྟ་སྐུལ་བྱས་ཏེ་རེས་སྐོར་གསོ་སྦྱོང་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་སྲུང་བྱས་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།