ཡན་ཅིན་ཧའེ་ཡིས་མཚོ་ཤར་གྲོང་ཁྱེར་བདེ་འཇགས་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་བ།

རང་རེའི་དྲ་བའི་འཕྲིན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲེང་ཀྲང་ལིག་ཉིང་གི་ལས་ཀའི་བླང་བྱ་གཞིར་བཟུང་སྟེ། ཟླ3པའི་ཚེས་24ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུའུ་ཡོན་ཅ་གྲོང་ཚོ་སོགས་ཚོང་ལས་ཁེ་ལས་དང་། སྒོག་པ་དང་ཕག་གསོའི་རྟེན་གཞི། པའེ་ཧྲེན་ཧོ་སྐྱེ་ཁམས་སླར་གསོའི་ལས་གཞི། མཚོ་ཤར་གྲོང་ཁྱེར་སློབ་འབྲིང་གཉིས་པ་བཅས་སུ་ཐོན་སྐྱེད་དང་སློབ་གྲྭས་བསྐྱར་དུ་ལས་སྒོ་དབྱེ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་བ་དང་འབྲེལ། ཧྲི་ཧུའེ་ཡའོ་ཧེ་རིགས་ཡུལ་ཚོ་རུ་ལས་བྱེད་ཆིག་ཁྲི་སྡེ་བར་བསྐྱོད་པའི་ལས་འགུལ་ལ་ཞིབ་བཤེར་མཛུབ་ཁྲིད་གནང་།

ཡན་ཅིན་ཧའེ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། ད་ཆའི་རིམས་ནདའགོག་ཟོན་དང་དཔལ་འབྱོར། དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ལས་ཀའི་གཙོ་གནད་དག་ལས་ཀ་སླར་གསོ་དང་བསྐྱར་དུ་ཐོན་སྐྱེད་དང་ཕན་འབྲས་ཐོན་པའི་ཕྱོགས་སུ་སྒྱུར་བ། དུས་ཐུང་འཕྲལ་སྡོམ་ནས་ཡུན་རིང་རྒྱུན་མཐུད་ཕྱོགས་སུ་སྒྱུར་བ། གཙོ་གནད་འགན་ལེན་ནས་ཁྱོན་ཡོངས་ལ་གཞན་སྒྱུར་ལ་སྐུལ་འདེད་གཏང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པོའི་ཞན་ཆ་གསབ་པའི་གཙོ་གནད་ལས་འགན་གཉིས་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་དང་། ལས་བྱེད་ཆིག་ཁྲི་སྡེ་བར་བསྐྱོད་པའི་ལས་འགུལ་གྱི“ངར་ཤུགས་སྤེལ་བ། དབུལ་སྒྲོལ་བརྟན་པོ། འབྱོར་འབྲིང་བསུ་བ”བཅས་ཀྱི་བྱེད་སྒོ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། “ཁབ་གསབ”ཀྱི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཤུགས་ཆེན་བྱེད་པ། ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུའི་འགན་ལེན་བྱེད་པ་དང་ཆབས་ཅིག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་ལེན་བྱ་དགོས་ཟེར།

ལོ་ཙཱ་བ།རྟ་མགྲིན་དཔལ།