མ་ཅི་ཞའོ་མཚོ་སྔོན་ཧ་ཡང་རྒྱུ་ཆ་བཟོ་གྲྭར་བསྐྱོད་དེ་ཁེ་ལས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་བསྐྱར་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

རང་རེའི་དྲ་བའི་འཕྲིན།  ཟླ3པའི་ཚེས་25ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞའོ་མཚོ་སྔོན་ཧ་ཡང་རྒྱུ་ཆ་བཟོ་གྲྭར་བསྐྱོད་དེ་ཁེ་ལས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་བསྐྱར་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱིས“མི་སྣ་གསོ་སྦྱོང་ཆེན་མོ། ལས་གནས་དམག་སྦྱོང་ཆེན་པོ། ཁོར་ཡུག་བཅོས་སྒྲིག་ཆེན་པོ”བཅས་ཀྱི་བྱ་བ་སྤེལ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

རྟོག་ཞིབ་གནང་རིང་། མ་ཅི་ཤའོ་མཚོ་སྔོན་ཧ་ཡང་རྒྱུ་ཆ་བཟོ་གྲྭའི་ཐུམ་སྒྲིལ་འཁོར་ཁང་དང་། འོད་ཤུགས་འཁོར་ཁང་བཅས་སུ་ཕེབས་ནས་འཐབ་ཕྱོགས་དང་པོའི་ལས་བཟོ་དང་མཉམ་དུ་ངལ་རྩོལ་བྱས་པ་དང་། ཁེ་ལས་ཀྱི་ལས་སྒྱུར་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་ཀའི་བཀོད་སྒྲིག་དང་འགོག་ཟོན་གྱི་བྱ་ཐབས་ནན་ཏན་ངང་ཉན་ཏེ། རིམས་ནད་ཐོན་རིང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་ལས་རྐང་པོའི་ལས་བཟོ་དང་། ལྷག་པར་དུ་དབང་པོ་སྐྱོན་ཅན་ལས་བཟོའི་ཁེ་དབང་འགན་ལེན་གནས་ཚུལ་དང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བྱ་བ་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

 མཱ་ཅི་ཤའོ་ཡིས་ཧ་ཡང་རྒྱུ་ཆའི་བཟོ་གྲྭ་ནི་དམིགས་བསལ་གྱི་སྤྱི་དབང་མིན་པའི་ཁེ་ལས་ཤིག་ཡིན་པ་དང་དབང་པོ་སྐྱོན་ཅན་ལས་བཟོས་བསྡོམས་འབོར་གྱི51.5%བཟུང་ཡོད། རྒྱ་ཆེའི་ལས་བཟོས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་དང་དབང་པོ་སྐྱོན་ཅན་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། དབང་པོ་སྐྱོན་ཅན་གྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ། ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཟེར།

 མཱ་ཅི་ཤའོ་ཡིས་ཁེ་ལས་ཀྱིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། གཅིག་ནས་རིམས་ནད་འགོག་ཟོན་ལ་མུ་མཐུད་དམ་འཛིན་བྱེད་པ། གཉིས་ནས་བདེ་འཇགས་ཐོན་སྐྱེད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། གསུམ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཏང་འཛུགས་སྐྱོང་གིས་མང་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད། བཞི་ནས་ཁྲིམས་ལྟར་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། རིམ་པ་ཁག་གི་བཟོ་ཚོགས་ཀྱིས་གནས་ཐིག་གཏན་འཁེལ་འཕྱུགས་མེད་འཚོལ་བ་དང་། བཟོ་ཚོགས་ཀྱིས་ལས་བཟོ་དང་འབྲེལ་བ་རྒྱ་ཁྱབ་ཏུ་བྱེད་པའི་ལེགས་ཆ་འདོན་སྤེལ། ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱས་ཏེ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་ལ་ནུས་ལྡན་ངང་ཞབས་ཞུ་མཁོ་འདོན་བྱེད་པ་དང་། “ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་དང་ལས་བཟོའི་ཁེ་དབང་སྲུང་སྐྱོང་བྱེད་པའི”ལས་ཀའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་སྒོས་ལེགས་སྐྱེས་འབུལ་དགོས་ཟེར།

ལོ་ཙཱ་བ།རྟ་མགྲིན་དཔལ།