ཧྲིན་ཀྲང་གཞོན་པ་ཝང་ལི་མིང་གིས་ན་གོར་མོ་གྲོང་ཁྱེར་ནས་ལས་གཞི་གལ་ཆེན་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་བ།

རང་རེའི་དྲ་བའི་འཕྲིན།   ཟླ3པའི་ཚེས19ཉིན་ནས་ཚེས་20ཉིན་བར། ཧྲིན་ཀྲང་གཞོན་པ་ཝང་ལི་མིང་ན་གོར་མོ་གྲོང་ཁྱེར་དུ་ཕེབས་ནས་ལས་གཞི་གལ་ཆེན་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་བ་དང་། གཙོ་གནད་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་བ་སྤེལ་འགོ་འཛུགས་སྐབས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། བརྟན་ལྷིང་དང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་བར་ནན་བཤད་གནང་།

ཝང་ལི་མིང་གིས་སྔ་རྗེས་སུ་ན་གོར་མོའི་མེ་འཁོར་བབས་ཚུགས་དང་། ན་གོར་མོའི་ཕྱོགས་བསྡུས་ཟོག་འགྲེམས་གླིང་། ན་གོར་མོ་བཟོ་ལས་གླིང་སོགས་སུ་ཕེབས་ནས། ལས་གཞི་འཛུགས་སྐྲུན་གྱི་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་ཡུལ་དངོས་སུ་ལས་གཞི་སླར་གསོ་དང་། བཟོ་པ་ལས་གནས་སུ་ཕྱིར་ལོག་པ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་། རིམས་འགོག་དངོས་ཟོག་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་།ཡུལ་དངོས་སུ་ཁེ་ལས་དང་ལས་གཞི་ལས་འགོ་འཛུགས་རིང་ལས་མི་བཀོལ་སྤྱོད་དང་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་གནང་ཞིང་། ཁོས་ཁེ་ལས་ཀྱིས་རིམས་ནད་འགོག་ཟོན་བྱེད་རིང་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ནས། དཀའ་ངལ་ཁྱད་བསད་སྒོས་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ།རིམས་ནད་ཐོན་ཁུལ་དང་ཞིང་ཆེན་ཡོངས་ཀྱི་རིམས་འགོག་དངོས་ཟོག་མཁོ་འདོན་ལ་འགན་ལེན་མཁོ་འདོན་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རྨང་གཞིའི་འགག་སྒོ་ནན་པོ་སྲུང་བ་དང་། ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏང་བ། ཐོན་སྐྱེད་ཀྱི་ལས་འགན་དམ་འཛིན་བྱེད་པ། བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁེ་ལས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ལ་་འགན་ལེན་བྱ་དགོས་པ་བསྟན།

ཝང་ལི་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྡེ་ཚན་ཁག་དང་ཚན་པ་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཁེ་ལས་དང་ལས་གཞི་བསྐྱར་དུ་ཐོན་པ་བྱེད་མགྱོགས་སུ་གཏོང་དགོས། ལས་གཞི་འཛུགས་སྐྲུན་གྱི་དཀའ་གནད་དང་ཁེ་ལས་ཀྱི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་དམིགས་ཚད་མི་འགྱུར་བ་དང་། ཤུགས་ཚད་ཆུང་དུ་མི་གཏང་བ། ལས་ཀ་རྒྱུན་ཆད་མེད་པ་བཅས་མཐའ་འཁྱོངས་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་གཉིས་ཀ་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར་འགན་ལེན་དང་། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་དགོས་པ་བསྟན།

ལོ་ཙཱ་བ།རྟ་མགྲིན་དཔལ།