མཚོ་སྔོན་མཁའ་འགྲུལ་དོ་དམ་ཁང་གིས་ལས་འགོ་བསྐྱར་ཚུགས་སྐབས་ཀྱི་བདེ་འཇགས་འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་བྱས་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ཀྱི་ནད་རིམས་དམག་འཐབ་དང་རིམས་ནད་ཀྱི་བྱ་བ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། ལས་ཞུགས་སླར་གསོ་དང་ལས་མི་ལས་རྐང་དུ་ཕྱིར་ལོག་གི་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པས། མཚོ་སྔོན་གྱི་རྒྱུན་གཏན་གནམ་གྲུའི་འཕུར་འབབ་མང་དུ་ཕྱིན་ཡོད་ལ། མཚོ་སྔོན་མཁའ་ལམ་དོ་དམ་འཁོར་རྒྱུག་པུས་ངོ་སྤྲོད་བྱས་པ་ལྟར་ན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཟླ2པའི་ཚེས1ཉིན་ནས་ཟླ2པའི་ཚེས29ཉིན་བར། ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དུ་གནམ་གྲུ་འཕུར་འབབ་ཐེངས1038དང་། དུས་མཚུངས་ལས68%མར་ཆག་ཅིང་ཟླ་གོང་མའི་དུས་མཚུངས་ལས72%ཡར་ཆག་པ་རེད ཉིན་རེར་ཆ་སྙོམས་འཕུར་ཐེངས36མར་ཆག་པ་དང་དམའ་ཤོས་ཉིན་གཅིག་ལ་ཐེངས18ལས་མེད་ཀྱང་། གཞི་གྲངས་གསར་ཤོས་བསྡོམས་རྩིས་ཁྲོད་ཟླ3པའི་ཚེས17ཉིན་རྒྱུན་གཏན་གནམ་གྲུ་འཕུར་འབབ་ཐེངས68བར་སླར་གསོ་བྱུང་ཡོད་པ་རེད།

མཚོ་སྔོན་མཁའ་ལས་དོ་དམ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། བདེ་འཇགས་འཁོར་སྐྱོད་འགན་སྲུང་བྱ་རྒྱུ་དེ་བྱ་བ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བདེ་འཇགས་བྱ་བ་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད།

རྩིས་སྤྲོད་དོ་དམ་འཁོར་སྐྱོད་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞན་རུའུ་ཕུང་གིས་ངོ་སྤྲོད་བྱས་་པ་ལྟར་ན། མཁའ་འགྲུལ་དོ་དམ་འགན་སྲུང་གི་འཐབ་ས་མདུན་མའི་རྩིས་སྤྲོད་དོ་དམ་འཁོར་སྐྱོད་པུའུ་ཞིག་ཡིན་པའི་ངོས་ནས། ཕྱོགས་གཅིག་ནས་དོ་དམ་ཚོད་འཛིན་མི་སྣའི་བསམ་བློའི་སློབ་གསོའི་བྱ་བར་ཤུགས་སྣོན་བརྒྱབ་སྟེ། མི་སྣའི་བྱ་བའི་རྣམ་པ་བཟང་པོ་ཞིག་ཏུ་སླེབས་པ་དང་། ལྷག་པར་དུ“ལྷོད་གཡེང་། སྣང་མེད། ངལ་དུབ”གསུམ་ལ་དོ་ཁུར་བྱས་ཏེ། འཐབ་ས་དང་པོའི་འཁོར་སྐྱོད་ལ་དམ་པོར་དམིགས་པ་དང་ཡུལ་དངོས་སུ་སྐོར་ཞིབ་ལ་ཤུགས་སྣོན་པ་དང་ཆབས་ཅིག་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། དུས་གཏན་གནམ་གྲུ་མང་དུ་འགྲོ་བ་དང་ཆབས་ཅིག དུས་ཐོག་དང་ཚན་རིག་དང་མཐུན་པའི་སྒོ་ནས་གྲལ་བསྒྲིགས་འཆར་གཞི་ལེགས་སྒྲིག་བྱས་ཏེ། ལས་གནས་སུ་སྡོད་རིང་གི་ལས་རེས་སྟོབས་ཤུགས་ཀྱིས་འཁོར་སྐྱོད་དགོས་མཁོ་སྐོང་ཐུབ་པའི་འགན་སྲུང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ལས་བཟོའི་བདེ་ཐང་དང་བདེ་འཇགས་ལ་དོ་ཁུར་དང་། རིམས་འགོག་བྱ་བ་ཡག་པོར་སྒྲུབ་པ། རིམས་འགོས་འཁྱབ་གཏན་འགོག་བཅས་ལ་ཁག་ཁུར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་སླར་གསོ་བྱ་བར་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།