རང་ཞིང་གིས་ཞིང་འབྲོག་ཁུལ་གྱི་མི་ཁྲི234.6གི་འཐུང་ཆུའི་བདེ་འཇགས་ལ་གཞི་ནས་ཁག་ཐེག་བྱས་པ།

རང་རེའི་དྲ་བའི་འཕྲིན།   ཉེ་ཆར། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོ་ནས2019ལོའི་བར། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར27.7བཏང་ཞིང་། མི་ཁྲི234.6དང་མི་འབོར་དབུལ་པོ་ཁྲི30.14ལ་ཕན་པ་ཐོབ་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་འགན་ལེན་ཆུ་ཚད་སྔར་ལས་ཇེ་མཐོ་རུ་ཕྱིན་པ་བཅས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར8.42བཏང་བའི་ནང་། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.03དང་། ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར5.39འདུ་ལ། འཛུགས་སྐྲུན་མ་དངུལ་དེ་ཀྲུང་དབྱང་གི་ཞིང་ཆེན་རིམ་པས་ཆ་ཚང་འགན་ལེན་ཐུབ་པ་བྱུང་ཡོད། མི་ཁྲི103.1གི་འཐུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོ་རུ་བཏང་བའི་ནང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི2.11དང་འབྲེལ་བ་ཡོད་པ་དང་། ལྟོས་མེད་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས“གཙང་སེལ”གྱི་དམིགས་ཚད་མངོན་འགྱུར། ལོ་འཁོར་གྱི་འཛུགས་སྐྲུན་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ། གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་དང་། སྦུག་ཆུ་ཁྱབ་གདལ་བཏང་ཚད། ཆུ་མཁོ་འདོན་འགན་ལེན་བྱེད་ཚད། ཆུའི་སྤུས་ཀའི་ཚད་གཞི་བཅས་ལ་སྔོན་དཔག་བྱས་ན80%དང་། 70% 92%70.5%ཡན་བཅས་ཟིན་རྒྱུ་རེད།

གཞན་ཡང་ས་གནས་སོ་སོས་ཁ་གཏད་རོགས་སྐྲུན་དང་། ཤར་ནུབ་རྒྱུད་མཉམ་ལས། དབུལ་སྐྱོར་མ་དངུལ། རྫོང(གྲོང་ཁྱེར)ནོར་སྲིད་ཀྱི་མ་དངུལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མིན་གྱི་མ་དངུལ་སྒོར་དུང་ཕྱུར5.64དོན་འཁྱོལ་བྱས་ནས། འཐུང་ཆུ་འཛུགས་སྐྲུན་གྱི་ཕན་འབྲས་སྔར་ལས་སྲ་བརྟན་དང་མཐོར་བཏང་བས། མི་འབོར་ཁྲི64.4ལ་ཕན་པ་བསྐྲུན་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།