རང་ཞིང་གིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་། ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་སྟེ། དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་སྐོར་གཡེང་དག་ཐེར་གྱི“ཕྱི་མིག་ལྟ”དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་དམངས་སྲིད་ཐིན་གྱིས《2020ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དོན་བཅོས་སྒྲིག་གཙོ་གནད》བཟོས་ནས་འགྲེམས་སྤེལ་བྱས་པ་རེད།

《གཙོ་གནད》ནང་ཤིན་ཏུ་དབུལ་བའི་ས་ཁུལ་དང་། སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་། མི་དམངས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཆེ་ཤོས་བཅས་ལ་དམིགས་ནས། གཙོ་གནད་བྱ་བའི་ལས་འགན་ཁག11ཁ་གསལ་བཟོས་ཏེ། དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་དང་། སྤྱི་ཚོགས་བས་མཐའི་དུད་ཚང་། དབུལ་པོར་བསྐྱར་ལོག་མི་འབོར་བཅས། “འགན་སྲུང་ཆད་ལུས་ཤོར་བའི”གནད་དོན་གཙང་བཤེར་ཡོ་བསྲང་བཅས་བྱས་ནས། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་དང་ཚད་གཞི་ལྟར་འགན་ལེན་བྱེད་དགོས་པ་དང་། ས་གནས་ཁག་གིས་གཏན་འབེབས་ལྟར་དབུལ་པོ་ཆགས་མེད་པ་དང་དབུལ་པོར་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་མི་འབོར་གནས་སྐབས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་པའི་གནད་དོན་གཙང་བཤེར་ཡོ་བསྲང་བྱས་ནས། རོགས་སྐྱོབ་ལ་འཇུག་སྒོ་ཡོད་པ་དང་དུས་ཐོག་ཏུ་རོགས་རམ་བྱེད་ཐུབ་དགོས་ལ། དམིགས་བསལ་དཀའ་ངལ་ཡོད་པ་ཚོར་གསོ་སྐྱོང་ཞབས་ཞུ་དོན་འཁྱོལ་ཡག་པོ་མ་བྱུང་བའི་གནད་དོན་གཙང་བཤེར་ཡོ་བསྲང་བྱས་ནས། ས་གནས་ཁག་གིས་གཅིག་སྡུད་གསོ་སྐྱོང་གི་དགོས་མཁོ་དུས་ཐོག་ཏུ་སྐོང་མིན་དང་། ཆེད་ལས་ནད་སྐྱོང་ཁ་ཐོར་གསོ་སྐྱོང་མི་སྣ་སོགས་ལ་ཞིབ་བཤེར་བྱེད་པ། རིམས་ནད་ཀྱི་རྐྱེན་གྱིས་དབུལ་པོར་གྱུར་པ་དང་རིམས་ནད་ཀྱི་རྐྱེན་གྱིས་དབུལ་པོར་བསྐྱར་ལོག་བྱས་པའི་མི་འབོར་གྱི་མཐའ་སྐྱོང་འགན་ལེན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་མེད་པའི་གནད་དོན་གཙང་བཤེར་ཡོ་བསྲང་སྒོས། མ་མཐའི་འཚོ་བའི་འགན་སྲུང་གི་རེ་ཞུའི་ཞིབ་བཤེར་མཆན་འགོད་ཀྱི་དུས་བཀག་དེ་གཙོ་གནད་བཅོས་སྒྲིག་གི་ནང་དོན་དུ་བརྩིས་ནས། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་རེ་ཞུའི་ཞིབ་མཆན་འགོད་པའི་གོ་རིམ་ཚད་ལྡན་ཡིན་མིན་དང་དུས་བཀག་ལུགས་མཐུན་ཡིན་མིན། ཐུན་མོང་གི་ཁོངས་མི་གཏན་འཁེལ་ཡང་དག་བྱེད་ཐུབ་མིན་སོགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་སྒོས། མང་ཚོགས་ཀྱིས་བསམ་འཆར་ཤུགས་དྲག་བཏོན་པའི་གནད་དོན་ནན་ཏན་ང་་གསེད་འགྲོལ་དང་། གནད་དོན་གྱི་གསལ་ཐོ་དང་དག་ཐེར་གྱི་ཟུར་བཙུགས་རྩིས་ཁྲ་བཟོ་བ། དག་ཐེར་གྱི་དུས་ཚད་ཁ་གསལ་བཟོ་བ། རྩིས་ཐོ་སྙོམ་སྒྲིག་བྱེད་པ། རོགས་སྐྱོབ་ཁ་གསབ་མ་དངུལ་དམིགས་སར་འབྱོར་བའི་གནད་དོན་གཙང་བཤེར་དང་ཡོ་བསྲང་བྱེད་པ། ཆ་འཕྲིན་ཅན་བེད་སྤྱོད་གནད་ལ་མི་འཁེལ་བའི་གནད་དོན་བཅོས་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བར་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་གསོ་སྐྱོང་བྱེད་པ། གནས་སྐབས་རོགས་སྐྱོབ་ཆ་འཕྲིན་དུས་ཐོག་ཏུ་ཕབ་འཇུག་མི་བྱེད་པ། མ་དངུལ་གཏོང་སྤྲོད་དང་མ་ལག་གཅིག་མཚུངས་མིན་པ་སོགས་ཀྱི་གནད་དོན་ཡོ་བསྲང་བྱེད་པ། ཤང་དང་གྲོང་རྡལ་གྱི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པའི་གནད་དོན་ཡོ་བསྲང་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱིས་བདག་སྤྲོད་དང་ཞིབ་བཤེར་གཏན་འབེབས་ཀྱི་དབང་ཚད་གྲོང་ཚོའི་ཨུ་ལྷན་གཉིས་ལ་གཤམ་སྤྲོད་བྱས་ཏེ། གནས་སྐབས་རོགས་སྐྱོབ་རེ་ཞུའི་དོན་ཚན་ལ་ཞིབ་བཤེར་གཏན་འབེབས་དང་ཞིབ་མཆན་དུས་ཐོག་ཏུ་མི་འགོད་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཡོ་བསྲང་བྱེད་པ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་བྱ་བ་གནད་ལ་མི་འཁེལ་བའི་གནད་དོན་གཙང་བཤེར་དང་ཡོ་བསྲང་བྱེད་པ། གནད་དོན་གྱི་ཁུངས་སྣེ་ཞིབ་གཅོད་དང་སྐུལ་སྒྲུབ་བྱེད་ཤུགས་ཆེ་རུ་གཏང་དགོས་པ་རེད།

ཆེད་དོན་བཅོས་སྒྲིག་གི་གཙོ་གནད་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་ཆེད། 《གཙོ་གནད》ནང་ལམ་ལུགས་དང་རྒྱུན་སྲོལ་འཐུས་ཚང་དུ་གཏང་ཞིང་། ལས་གཞི་ཅན་ལ་སྐུལ་འདེད་གཏང་རྒྱུར་ཤུགས་སྣོན་པ། ས་ཆ་དེ་རང་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ། “སྒོ་དབྱེ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི”ཕྱོགས་བཞིའི་ཐད་ཀྱི་ལས་ཀའི་བླང་བྱ་བཏོན་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།