རང་ཞིང་གིས་སྨན་བཅོས་ཞབས་ཞུའི་ལས་གཞི་དང་རིན་གོང་ལ་སྟབས་བསྟུན་ལེགས་སྒྲིག་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ཡིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུསྨན་བཅོས་ཞབས་ཞུའི་ལས་གཞི་ཁག་གཅིག་གི་མཛུབ་ཁྲིད་རིན་གོང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོབཀྲམ་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ལས་གཞི་དང་། དེ་བཞིན་རིན་གོང་སླར་ཡང་ལེགས་སྒྲིག་བྱས་ནས་སྨན་བཅོས་ཞབས་ཞུའི་ལས་གཞི94མང་དུ་བཏང་བ་དང་ཁྲོམ་རའི་སྙོམས་སྒྲིག་རིན་གོང12ལག་བསྟར་བྱས་པ་རེད། རིན་གོང་ཁག179ལེགས་སྒྲིག་བྱས་པ་དང་། ལས་གཞི་ཡི་རིན་གོང་ཁག13གསར་དུ་གཏན་འབེབས་བྱས་པ། རིན་གོང་ཁག3ལ་བཟོ་བཅོས་བརྒྱབ་པ། ལས་གཞི77གྱི་ནང་དོན། རིན་གོང་རྩིས་གཞི། རིན་གོང་གསལ་བཤད་སོགས་ལ་ཁ་གསབ་འཐུས་ཚང་དུ་བཏང་བ། བླང་བྱ་དང་མཐུན་པའི་ཐེངས་གཅིག་རང་བཞིན་གྱི་རྒྱུ་ཆའི་སྤུས་ཚད་དང་ཚད་གཞི463ལ་ཁ་གསབ་དང་འཐུས་ཚང་དུ་བཏང་ཡོད། ཐེངས་གཅིག་རང་བཞིན་གྱི་རྒྱུ་ཆ་བེད་སྤྱོད་དང་དོ་དམ་གྱི་དཀར་ཆག་ནང་བཅུག་ནས་སྨན་བཅོས་སྒྲིག་གཞིའི་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་དགོས་མཁོ་ཏན་ཏིག་བསྐངས་པ་རེད།

  རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་ཞབས་ཞུའི་ལས་གཞི་དང་དེ་བཞིན་རིན་གོང་བབ་བསྟུན་ལེགས་སྒྲིག་བྱེད་པ་ནི་གསོ་རིག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྨན་བཅོས་ལག་རྩལ་ཡར་ཐོན་དང་། སྨན་བཅོས་སྒྲིག་གཞི་འཁོར་སྐྱོད་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏང་བ། སྨན་བཅོས་སྤུས་ཚད་དང་ནད་པའི་བདེ་འཇགས་འགན་ལེན་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ད་རེས་ལེགས་སྒྲིག་བྱས་པ་དེས་སྨན་དོན་མི་སྣའི་ངལ་ནུས་རིན་ཐང་མཚོན་རྒྱུར་སྣང་ཆེན་བྱས་པ་མ་ཟད། ནད་པས་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་གཏོང་རྒྱུར་དོ་སྣང་བྱས་ཡོད། དཔེར་ན། “དམངས་ཕན་སྒོ་བསྟེན་སྨན་བཅོས་གྲོན་དངུལ”གྱི་སྨན་བཅོས་ཞབས་ཞུའི་ལས་གཞི་གསར་སྣོན་བྱས་ཤིང་། སྨན་བཅོས་སྒྲིག་གཞིས་ནད་པར་སྨན་སྤྲོད་པ་དང་དུས་བཀག་ལྟར་ཞིབ་བཤེར་བྱེད་པ་ལས། སྨན་བཅོས་ཇུས་གཞི་གསར་པ་ལེགས་སྒྲིག་དང་སྨན་བཅོས་བསྐྱར་མ་བྱེད་པ་དང་། དེ་བཞིན་ཞིབ་བཤེར་ཞབས་ཞུ་བྱེད་མི་དགོས་པར་ཐེངས་རེར་སྨན་རིན་སྒོར1བསྡུ་དགོས། ཞབས་ཞུ་དེ་སྨན་པས་བརྟག་དཔྱད་བྱེད་མི་དགོས་པར་སྨན་བཅོས་སྒྲིག་གཞིར་སྨན་སྤྲོད་པའི་གཅོང་ནད་དང་དམིགས་བསལ་གྱི་ནད་ཕོག་མཁན་ལ་ནད་བརྟག་སྨན་བཅོས་ཀྱི་འགྲོ་གྲོན་གྲོན་ཆུང་དང་གྲལ་བསྒྲིགས་པའི་དུས་ཚོད་ཇེ་ཐུང་དུ་བཏང་བ་མ་ཟད། སྨན་བཅོས་ཀྱི་མ་གནས་ཀྱང་དམའ་རུ་བཏང་ནས་མང་ཚོགས་ལ་སྨན་བཅོས་སྒྱུར་བཅོས་ཀྱི་ཁེ་ཕན་གསར་པ་ལོངས་སུ་སྤྱོད་དུ་བཅུག་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།