ནན་ཁྲོན་གཙང་པོའི་ཙོང་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཐད་བཞུར་ཆུ་ཁ་གསབ་བྱས་པ་སྤུས་ཚད་ལྟར་ཇེ་མང་དུ་འཕེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ3པའི་ཚེས23ཉིན། གསར་འགོད་པས་ཙོང་ཁ་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ན་ནིང་ཙོང་ཁ་རྫོང་གིས་ནན་ཁྲོན་ཙོང་ཆུ་རྒྱུད་ལ་སྐྱེ་ཁམས་ངོས་ནས་ཆུ་ཁ་གསབ་བྱེད་པའི་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ལོ་ཧྲིལ་པོར་ནན་ཁྲོན་གཙང་པོར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི681མཁོ་འདོན་བྱས་པ་དང་། ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི441ཚད་བརྒལ་ངང་མཁོ་འདོན་བྱས་པ། ནན་ཁྲོན་གཙང་པོ་རྒྱུག་ཁུལ་གྱི་རྡོ་མཁར་བཅད་ངོས་ཀྱི་ཆུའི་སྤུས་ཚདIIIརིགས་ཀྱི་ཚད་གཞི་ལོན་ནས། ཆུའི་སྤུས་ཚད་དང་ཆུ་ཚད་གཉིས་ཀའི་ཚད་ལོངས་ཡོད་པ་རེད།

ལོ་ཧྲིལ་པོར་ཆུ་ཁོངས་དོ་དམ་གྲོན་དངུལ་སྒོར་ཁྲི58བཏང་ནས་རྒྱུན་གཏན་གྱི་ཆུ་མཛོད་མཐའ་འཁོར་དང་གད་སྙིགས་གཙང་སེལ་བྱས་པ་རེད། རིམ་ཁག་ཆུ་དཔོན་གྱིས་ནན་ཁྲོན་གཙང་པོར་སྐོར་ཞིབ་ཐེངས436བྱས་པ་དང་གད་སྙིགས་དང་གསོ་ཚགས་ར་བ་སོགས་གཙང་པོ་དང་མཚེའུ་དང་འབྲེལ་བའི་གནད་དོན78བཅོས་སྒྲིག་བྱས་ནས་ནན་ཁྲོན་གཙང་པོའི་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཇེ་ལེགས་སུ་ནུས་ལྡན་བཏང་ཡོད་པ་རེད།

ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་དང་། ནན་ཁྲོན་ཆུ་མཛོད་དུ་རང་འགུལ་ཚད་འཇལ་སྒྲིག་ཆས་དུས་ཐོག་ཏུ་སྒྲིག་སྦྱོར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆུ་འདྲེན་པའི་འཆར་གཞི་བཟོ་བ། ནན་ཁྲོན་ཆུ་མཛོད་ཀྱི་ཆུ་མཁོ་འདོན་གྱི་སྤྱི་འབོར་ཚོད་འཛིན་དང་བཅད་གྲངས་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ནན་ཁྲོན་ཆུ་བོའི་སྣོད་བཅུད་གཞི་རྒྱུན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ནན་ཁྲོན་ཆུ་བོའི་སྣོད་བཅུད་ཆུ་གསབ་ཀྱི་བླང་བྱར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

ནན་ཁྲོན་ཆུ་བོའི་སྟོད་རྒྱུད་ཀྱི་ཆུ་ལམ་གཞོགས་གཉིས་སུ་ལུས་པའི་གད་སྙིགས་གཙང་སེལ་དང་སྔོ་འགྱུར་སླར་གསོ་བྱེད་ཤུགས་ཆེ་རུ་གཏང་བ་ཞིང་། ནན་ཁྲོན་ཆུ་བོའི་སྟོད་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་དང་པད་མའི་མཚེའུ་བྱང་ངོགས་ཀྱི་མཛེས་ལྗོངས་སྔོ་འགྱུར་བྱེད་ཤུགས་ཆེ་རུ་གཏང་བ། གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་བ། ནན་ཁྲོན་ཆུ་བོའི་སྟོད་རྒྱུད་ཀྱི་ཆུའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏང་བ། ནན་ཁྲོན་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་དང་ས་སྲུང་ཆུ་གསོག་གི་ནུས་པ་སྔར་བས་ཆེ་རུ་གཏང་དགོས་པ་བསྟན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།