མདོ་དབུས་མཐོ་སྒང་རི་སྐྱེས་སྲོག་ཆགས་གླིང་ཀའི་ལས་འགོ་བསྐྱར་ཚུགས་བྱས་པ།

རང་རེའི་དྲ་བའི་འཕྲིན། ཁ་བ་འབབ་ཐེངས་གཅིག་གི་རྗེས་སུ་མཐོ་སྒང་གི་ཟི་ལིང་ལ་དངུལ་མདོག་གི་ལྭ་བ་མནབས་ཡོད། ཚེས16ཉིན་གྱི་ཞོགས་པར། དཔྱིད་དཔལ་གྱི་ཉི་ཟེར་ལམ་ལམ་འཕྲོ་བའི་འོག མདོ་དབུས་མཐོ་སྒང་རི་སྐྱེས་སྲོག་ཆགས་གླིང་ཀའི་ནང་ཀྲུང་གོའི་གཅེས་ནོར---“སྨྱུག་དྲེད་ཁྲ་བོས“ལས་འགོ་བསྐྱར་ཚུགས”བྱས་ཏེ་མགྲོན་པོར་བསུ་མ་བྱས། “ལུས་པོའི་དྲོད་ཚད་ཏུའུ་གྲངས36.6རེད། སྐུ་ཉིད་ཀྱིས་བཤེར་རིས་འདི་ལས་ཐོ་འགོད་བྱེད་རོགས”ཞེས་སྲོག་ཆགས་གླིང་གའི་སྒོ་ཁ་རུ་ལས་བྱེད་པ་དག་གིས་གླིང་ཀའི་ནང་དུ་འཛུལ་བཞིན་པའི་ཡུལ་སྐོར་བ་དག་ལ་ཐོ་འགོད་བྱས།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། མདོ་དབུས་མཐོ་སྒང་རི་སྐྱེས་སྲོག་ཆགས་གླིང་ཀ་ནི་ཟླ3ཚེས13ཉིན་ལས་འགོ་བསྐྱར་ཚུགས་དང་སྲོག་ཆགས་གླིང་ཀ་གོ་རིམ་ལྡན་པའི་ངང་ནས་ལས་འགོ་བསྐྱར་ཚུགས་ལ་འགན་སྲུང་བྱས་ཏེ། ཡུལ་སྐོར་བ་དག་གི་བདེ་འཇགས་ལ་འགན་སྲུང་སྒོས་སྤྲོ་སྣང་ལྡན་པའི་ངང་ནས་གླིང་ཀའི་མཛེས་ལྗོངས་ཉམས་སུ་མྱངས། གླིང་ཁུལ་དུ་སྔོན་ལ་དེ་འབྲེལ་གྱི་ལས་འགོ་བསྐྱར་ཚུགས་ཀྱི་ཇུས་གཞི་དང་རིམས་ནད་འགོག་སྲུང་སྐབས་བསྟུན་ཇུས་གཞི་ཡང་གཏན་འབེབས་བྱས།

མདོ་དབུས་མཐོ་སྒང་རི་སྐྱེས་སྲོག་ཆགས་གླིང་ཀའི་གཟན་སྤྲོད་པ་ཡེས་ཧི་ཞིན་གྱིས་ངོ་སྤྲོད་བྱེད་རྒྱུར། རིམས་འགོག་སྐབས་སུ་གླིང་ཀའི་ས་ཁུལ་གྱིས་ཉིན་རེར་སྲོག་ཆགས་འགྲེམས་སྟོན་ས་ཁུལ་དང་སྤྱི་གཞུང་ཞབས་ཞུའི་ས་ཁུལ་གྱི་ཐེངས་མང་པོར་ཁྱོན་ཡོངས་ནས་དུག་སེལ་བྱས། དེ་དང་ཆབས་ཅིག་རི་སྐྱེས་སྲོག་ཆགས་ཀྱི་བདེ་ཐང་གནས་ཚུལ་ལ་གཟབ་ནན་སྒོས་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་ཡོད་ཟེར། གཟན་སྤྲོད་མཁན་གྱིས་ཉིན་རེ་རེར་སྨྱུག་དྲེད་ཁྲ་བོའི་ལུས་དྲོད་ལ་བརྟག་དཔྱད་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཞེས་རོའུ་ཡེས་ཅེ་ཡིས་བཤད་པ་རེད། གླིང་གའི་སྒོ་ཕྱེ་རྗེས་སྨྱུག་དྲེད་ཁྲ་བོ་འགྲེམས་སྟོན་ས་ཁུལ་ཁང་བའི་ཕྱི་རོལ་དུ་སྒྲིག་འཇུག་བྱས་ཤིང་། ཁང་བའི་ནང་སོགས་བཀག་སྡོམ་ས་ཁུལ་དུ་འགྲེམས་སྟོན་གཏན་འགོག་བྱས། ཡུལ་སྐོར་འགྲུལ་བ་དག་གིས་ཁ་ཐུམ་རྒྱག་དགོས་པ་མ་ཟད། ཁོར་ཡུག་ཁོད་ཡངས་ས་རུ་གཟིགས་སྐོར་གྱི་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས། གཟན་སྤྲོད་མཁན་དང་ཚོམས་ཆེན་གྱི་ལས་བྱེད་མི་སྣ་གཞན་དག་བར་ལ་འགྲོ་འོངས་བྱེད་པ་གཏན་འགོག་དང་ཡུལ་སྐོར་བ་ལ་འཕྲད་རྒྱུ་གཏན་འགོག ཡུལ་སྐོར་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཆབས་ཅིག སྨྱུག་དྲེད་ཁྲ་བོའི་བདེ་ཐང་ལ་འགན་སྲུང་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།