རྐང་ཚ་རྫོང་གིས་རོང་འབྲོག་ས་ཁུལ་གྱི་མི་དམངས་འདུས་སྡོད་ཁོར་ཡུག་ལ་མུ་མཐུད་དུ་དག་ཐེར་བཅོས་སྐྱོང་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ3ཚེས17ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། དེ་ཡང་ཟླ2པ་ནས་བཟུང་། རྐང་ཚ་རྫོང་གིས་མུ་མཐུད་དུ་རྒྱལ་གཅེས་འཕྲོད་བསྟེན་ལུས་རྩལ་ཤུགས་ཆེན་སྒོས་སྤེལ། ཁོར་ཡུག་གི་འཕྲོད་བསྟེན་གཙང་སེལ་དང་མི་འདུས་སྡོད་ཁོར་ཡུག་ལ་ཤུགས་ཆེན་པོས་དག་ཐེར་བཅོས་སྐྱོང་བྱས། མིག་སྔའི་བར་གཙང་བོའི་བཞུར་ལམ་གྱི་ཆུ་འགོ20ལྷག་ལ་རྩད་གཅོད་སྒོས་རིགས་མི་འདྲ་བའི་གད་སྙིགས་ཏུན1000ལྷག་གཙང་སེལ་བྱས།

རྐང་ཚ་རྫོང་གིས་མངའ་ཁོངས་ཧྲིལ་བོར་གད་སྙིགས་མེད་པའི་དཔེར་སྟོན་རྫོང་དང་ཟུང་འབྲེལ་སྒོས། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་མཁར་གྲོང་གསར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་སུ་བཏང་བ་དང་། རྫོང་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཞིབ་ཚགས་ཅན་དུ་བཏང་། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་དག་ཐེར་བྱ་བའི་རིགས་སོ་སོའི་ལས་འགན་སྒྲུབ་ནས། “ཏང་རྩ་འཛུགས+རིམས་ནད་སྔོན་འགོག་དྲིལ་སྒྲོག+མི་འདུས་སྡོད་ཁོར་ཡུག་དག་ཐེར་མཐོར་འདེགས”ཀྱི་རྣམ་གཞག་གསར་གཏོད་བཏང་། ཏང་ཀྲི་པུའུ་གཅིག་གྱུར་དང་སྡེ་བའི་སྒྲིག་ཁྲིམས་ལྟ་སྐུལ། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བདག་དོམ། ཏང་ཡོན་གྱིས་ཁྱིམ་ཚང་འགན་དུ་ལེན་པ། ཞིང་བའི་ཁྱིམ་ཚང་ལ་གཙང་སེལ་བྱེད་པ་བཅས་ཀྱི་མི་འདུས་སྡོད་ཁོར་ཡུག་ལ་དག་ཐེར་བྱེད་པའི་བྱ་བའི་སྒྲིག་གཞི་མཐོར་འདེགས་སུ་བཏང་ཏེ། སྒོ་མདུན་གྱི་འགན་ལེན་འགན་འཁྲི་ལག་བསྟར་དངོས་འབེབས་བྱས། ཕྱོགས་མང་པོའི་ཐད་ཀྱི་ཐོན་ཁུངས་ལ་ཧུར་ཐག་གིས་དག་སྒྲིག་སྒོས་སྤྱི་ཚོགས་ཧྲིལ་བོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཁྱོན་ཡོངས་ཅན་དང་ཕྱོགས་ཡོངས་ཅན་གྱི་ཁོར་ཡུག་འཕྲོད་བསྟེན་དག་ཐེར་འགུལ་སྐྱོད་ཀྱིས་ཞིང་སྡེའི་མི་ཚོགས་འདུས་སྡོད་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། སྡེ་བའི་སྣང་བརྙན་གྱི་རྣམ་པ་མཐོར་འདེགས་སྒོས་རོང་འབྲོག་ས་ཁུལ་གྱི་མི་ཚོགས་འདུས་སྡོད་ཁོར་ཡུག་ལ་མུ་མཐུད་དུ་བཅོས་སྐྱོང་བྱས་པ་རེད།

དེ་དང་ཆབས་ཅིག དུད་ཁྱིམ་རིགས་བཀར་དང་སྡེ་བ་གཅིག་གྱུར། གྲོང་རྡལ་འཁོར་སྐྱོད། རྫོང་ཐག་གཅོད་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་འཛུགས་སྐྲུན་ཤུགས་ཆེར་བཏང་ནས། ཁང་བའི་མདུན་རྒྱབ་གཙོ་གནད་དང་གཞུང་ལམ་གཙོ་བོ། ཡུར་ཆུའི་ཆུ་འགོ། ཞིང་ལས་ཉོ་འཚོང་ཁྲོམ་ར། རིག་གནས་ཐང་ཆེན། ཞིང་སྡེའི་སྤྱོད་ཁང་། ཕྱུགས་ཟོག་ར་བ་སོགས་མངའ་ཁོངས་གཙོ་བོར་དག་ཐེར་བྱས། འཚོ་བའི་གད་སྙིགས་ཐུམ་སྒྲིལ་སྐྱེལ་འདྲེན། ཉིན་རེའི་ཐོན་སྐྱེད་དང་ཉིན་རེའི་གཙང་སེལ་བྱས། དེ་དང་ཆབས་ཅིག་གད་སྙིགས་སྒམ་དང་རིམས་ནད་འགོག་སྲུང་ཁ་ཐུམ། ཆང་བཅུད། དུག་སེལ་གཤེར་ཁུ་སོགས་དངོས་ཟོང་དག་དུས་ལྟར་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་སྐོང་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།