རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་སྔོན་ཐོན་ལས་ཁུངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་ཞིང་གི་ལས་ཁུངས13གྱི་མི་སྒེར14ལ་གཟེངས་བསྟོད་ཐོབ་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་མཉམ་འབྲེལ་སྒོས་པར་སྐྲུན་འགྲེམས་སྤེལ་བྱས་པའི《2015-2018ལོའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་སྐོར་གྱི་ཐག་གཅོད》ཞེས་པའི་མིང་ཐོའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས13ལ“2015-2018ལོའི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལུས་རྩལ་སྔོན་ཐོན་ལས་ཁུངས”ཀྱི་མཚན་སྙན་ཐོབ། མི་སྒེར14ལ“2015-2018ལོའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།

རྒྱུས་ལོན་ལས་ཤེས་གསལ་བྱུང་བ་ལྟར་ན། གཟེངས་བསྟོད་མིང་ཐོའི་ཁྲོད། ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་མཐུན་ཚོགས་དང་ཞིང་ཆེན་ཡན་ལག་དབང་བོ་སྐྱོན་ཅན་གྱི་མཐུན་ཚོགས། ཞིང་ཆེན་དམིགས་གསལ་སློབ་གསོའི་སློབ་གྲྭ། ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོ། མཚོ་སྔོན་ཞིང་ཆེན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་ལྟེ་གནས། ཞིང་ཆེན་ལུས་རྩལ་འགྲན་སྡུར་བདག་དོམ་ལྟེ་གནས། ཟི་ལིང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ལ་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་ཡོད། ཀོའུ་ཅོན་ཚའེ་དང་ཨན་ཧྲིན་ཅོན། ཀྲང་ཞིན་ཡོན། སུའུ་ཝེ། ཅིན་ཀོ་ཧྲིན་སོགས་ལ་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།