ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གཞུང་དོན་ཁང་གི་ལས་ཐོན་སླར་གསོའི་རྟོག་ཞིབ་ཚོ་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལས་ཐོན་སླར་གསོ་རྟོག་ཞིབ་ཚོ་ཆུང་དང་ཞིང་ཆེན་ཏང་ཨུ། དེ་བཞིན་ཞིང་ཆེན་སྲིད་གཞུང་དང་བཅས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་།རྟོག་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུང་གོ་ཆང་གིས་གཏམ་བཤད་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིའུ་ཉིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཤང་བཅས་ཚོགས་འདུར་ཞུགས་པ་རེད།

ལུང་གོ་ཆང་གིས་མཚོ་སྔོན་ཞིང་ཆེན་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཡོངས་ཀྱི་སྔོན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་སྤྱི་འདོམས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྔ་ཙམ་སླར་གསོ་ཡོང་རྒྱུར་སྐུལ་འདེད་དང་། ལས་ཐོན་སླར་གསོའི་ངེས་ཚད་དང་དམིགས་ཚད་ཧུར་ཐག་ཇེ་ལེགས་སུ་གཏོང་བ། ཐོན་སྐྱེད་དང་འཛད་སྤྱོད་སོགས་འགག་རྩའི་གྲངས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་ཀྱི་ཐོག་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགན་འཁྲི་འཁུར་ཕོད་པ་དང་། གཞན་གྱི་སྔོན་དུ་བྱེད་ཕོད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ་གང་ལེགས་མཚོན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཐོག་རྒྱུས་ལོན་བྱུང་བའི་དཀའ་ངལ་གྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་དང་། གནད་དོན་ཐག་གཅོད་བྱས་པ་བརྒྱུད་ནས་ལས་རིགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དང་མགྱོགས་མྱུར་འཕྲལ་ཐག་ཆོད་པོའི་བྱ་བའི་སྤྱོད་ཚུལ་གང་ལེགས་མཚོན་ཡོད། དེ་དག་ཚང་མས་རྟོག་ཞིབ་ཚོ་ཆུང་ལ་སེམས་འགུལ་དང་སློབ་གསོ་ཆེན་པོ་ཐེབས་ཡོད། རྟོག་ཞིབ་ཚོ་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉམས་མྱོང་བཟང་པོ་དང་། བྱེད་ཐབས་བཟང་པོ་གསེད་བཀྲོལ་དང་ཕྱོགས་སྡོམ་ནན་ཏན་བྱས་ནས། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལ་དཀའ་ངལ་ཡོད་པའི་གནད་དོན་དང་གྲོས་གཞིར་དུས་ཐོག་ཏུ་ཞུ་རྒྱུ་མ་ཟད།ད་དུདང་འབྲེལ་ཡོད་སྡེ་ཚན་ལ་རེ་འབོད་ཧུར་ཐག་བྱ་དགོས་ཞེས་བསྟན།

ཝང་ཅན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ།རྟོག་ཞིབ་ཚོ་ཆུང་ལ་ལྷག་བསམ་ཟོལ་མེད་ངང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་རྟོག་ཞིབ་ཚོ་ཆུང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པ། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བས། ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་སེམས་ཆེན་པོ་བསྐྱེད་བྱུང་། ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་རྟོག་དཔྱད་ཞིབ་འཇུག་ནི་གོང་གི་གནས་ཚུལ་གཤམ་ལ་སྒྲོག་པ་དང་། གཤམ་གྱི་གནས་ཚུལ་གོང་ལ་ཞུ་བའི་རྟོག་དཔྱད་ཞིབ་འཇུག་ཐེངས་ཤིག་ཡིན་པ་དང་། རྩ་ལ་བརྟག་པ་དང་གཞི་རིམ་གྱི་སེམས་ཁྲལ་དང་དཀའ་ངལ་སེལ་བའི་རྟོག་ཞིབ་ཞིབ་འཇུག་ཐེངས་ཤིག་ཡིན་ལ། དཀའ་ངལ་སེལ་བ་དང་ཁེ་ལས་ལ་དུས་ཐོག་ཏུ་ཆར་པ་བསྐྱལ་བའི་བརྟག་དཔྱད་ཞིབ་འཇུག་ཐེངས་ཤིག་ཀྱང་ཡིན་ཞིང་། ང་ཚོས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་། ལས་རིགས་སླར་གསོ་དང་ཕྲུ་གུ་བསྐྱར་སྐྱེ་ཡོང་བར་སྐུལ་འདེད་གཏོང་བའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། རྟོག་ཞིབ་བྱ་བ་མཇུག་འགྲིལ་རྒྱུ་ནི་ས་གནས་ཏང་ཨུ་དང་སྲིད་གཞུང་གི་དོན་འཁྱོལ་བྱ་བའི་འགོ་འཛུགས་ས་ཡིན། མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས“བརྟན་ལྷིང་དྲུག”གི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་རེད། སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་ཁྲོད་ནས་གོ་སྐབས་འཚོལ་བ་དང་། ཡིད་ཆེས་འཚོལ་བ། རེ་བ་འཚོལ་བ་བཅས་བྱས་ཏེ་སྲིད་ཇུས་དོན་འཁྱོལ་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱ་དགོས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུད་དེ་དམ་པོར་འཛིན་པ་དང་། ཕྱི་རྒྱལ་ནས་ནང་འདྲེན་བྱེད་པར་ནན་འགོག་བྱས་ཏེ། ཐོབ་དཀའ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། སྔོན་ལ་མིག་མངས་རྩེ་བ་དང་། རང་འགུལ་གྱིས་དམག་འཐབ་རྒྱག་པ་དང་མཉམ་སྡེབ་ཀྱིས་ཁུ་ཚུར་གཞུས་ནས་གྲོང་གསེབ་འགུལ་ཐུབ་པ་དང་། གྲོང་ཁྱེར་འཁྲུག་པོ་ཡོང་བ། སྤྱི་ཚོགས་ཡོངས་རིམས་ནད་ཀྱི་ཁྲོད་ནས་ཕྱིར་ཐོན་ཐུབ་པ་བཅས་བྱ་དགོས།

གཡང་སྐྱིད་ཀྱིས་བསྒྱུར།