མཚོ་སྔོན་ཞིང་ཆེན་མེ་ཟོན་རུ་ཤོག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མེ་ཟོན་དྲུང་ཡིག་ལས་མི་བསྡུ་རྒྱུ་རེད།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་རུ་ཤོག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ། མེ་ཟོན་བྱ་བའི་སྟོབས་ཤུགས་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་གཏང་ཆེད། 《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་བསྐོས་མེ་ཟོན་དཔུང་ཁག་འཛུགས་སྐྱོང་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཤོག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མེ་ཟོན་དྲུང་ཡིག་ལས་མི་བསྡུ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱ་རྒྱུ་གཤམ་གསལ།

གཅིག ལས་བསྡུའི་འཆར་གཞི།

ཐེངས་འདིའི་མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཤོག་གིས་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་མེ་ཟོན་དྲུང་ཡིག་ལས་མི20བསྡུ་རྒྱུ་ཁྱབ་སྒྲོག་བྱས་ཤིང་། གཙོ་བོ་ཟི་ལིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲོད་ནས་བསྡུ་རྒྱུ་ཡིན་པ(ཟི་ལིང་གྲོང་ཁྱེར་གྱི་ཁྱིམ་ཐོ་མིན་པའི་མི་སྣས་གནས་སྡོད་ལག་རྟགས་སྤྲོད་དགོས་པ)རེད།

གཉིས། ལས་བསྡུའི་ལས་གནས་དང་མི་གྲངས།

(གཅིག)མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་བཀོད་འདོམས་ལྟེ་གནས། མི2།

(གཉིས)མཚོ་སྔོན་ཞིང་ཆེན་མེ་གསོད་སྤྱི་ཁྱབ་རུ་ཁག་དམག་འཐབ་སྦྱོང་བརྡར་ཁྲུའུ། མི2།

(གསུམ)མཚོ་སྔོན་ཞིང་ཆེན་མེ་གསོད་སྤྱི་ཁྱབ་རུ་ཁག་རྩ་འཛུགས་སློབ་གསོ་ཁྲུའུ། མི2།

(བཞི)མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་མེ་ཟོན་ལྟ་སྐུལ་ཁྲུའུ།

གཞི་གྲངས་དབྱེ་ཞིབ་བསྡོམས་རྩིས་ལས་གནས་སུ་མི1།

(ལྔ)མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཁྲིམས་ལུགས་དང་སྤྱི་ཚོགས་མེ་ཟོན་ལས་དོན་ཁྲུའུ།

ཁྲིམས་ལུགས་ལས་གནས་སུ་མི1།

(དྲུག)མཚོ་སྔོན་ཞིང་ཆེན་མེ་གསོད་སྤྱི་ཁྱབ་རུ་ཁག་གསར་འགྱུར་དྲིལ་སྒྲོག་ཁྲུའུ།

གསར་འགྱུར་བཅར་འདྲི་རྩོམ་སྒྲིག་ལས་གནས་སུ་མི2། བརྙན་ལམ་རྩོམ་སྒྲིག་ལས་གནས་སུ་མི2། སྨྱན་སྦྱོར་གསར་པའི་རྩོམ་སྒྲིག་ལས་གནས་སུ1། ངོས་སྙོམས་ཇུས་འགོད་ལས་གནས་སུ་མི1།

(བདུན)མཚོ་སྔོན་ཞིང་ཆེན་མེ་གསོད་སྤྱི་ཁྱབ་རུ་ཁག་ནོར་དོན་ཁྲུའུ།

ནོར་དོན་ལས་གནས་སུ་མི3།

(བརྒྱད)མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་ཆས་ཁྲུའུ།

གཞི་རྩའི་འཛུགས་སྐྲུན་ལས་གནས་སུ་མི1། སྒྲིག་ཆས་དོ་དམ་ལས་གནས་སུ་མི2བཅས་རེད།

གསུམ། ལས་བསྡུའི་གཞི་རྩའི་ཆ་རྐྱེན།

(གཅིག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པ།

(གཉིས།)རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པ།

(གསུམ།)མེ་གསོད་མེ་འགོག་གི་ལས་ཀ་དང་བླངས་ཀྱིས་སྒྲུབ་པ། གཅིག་སྡུད་ཀྱིས་དོ་དམ་བྱེད་པར་བརྩི་སྲུང་བྱེད་པ། (བཞི)ལོ18ཡན་དང་ལོ28མན(སྐྱེས་པའི་དུས་ཚོད1991ལོའི་ཟླ4པའི་ཚེས16ཉིན་ནས2002ལོའི་ཟླ4པའི་ཚེས15ཉིན་བར)

(ལྔ)ཆེད་ཚན་སློབ་གྲྭ་ཆེན་མོའམ་དེའི་ཡན་གྱི་རིག་གནས་ཆུ་ཚད(སློབ་གསོ་པུའི“སློབ་འཕྲིན་དྲ་བའི”ཐོག་ར་སྤྲོད་བྱེད་ཐུབ་པ)ཡོད་པ་དང་གདན་ཞུ་བྱས་པའི་ལས་གནས་དང་འཚམ་པའི་ཆེད་ལས་ཤེས་བྱའི་རྩལ་ནུས་ལྡན་པ།

(དྲུག)ལུས་པོ་དང་སེམས་ཁམས་བདེ་ཐང་ཡིན་པ། 《མེ་སྐྱོན་འགོག་གསོད་པའི་ལས་རིགས་བདེ་ཐང་གི་ཚད་གཞི》དང་མཐུན་པ།

(བདུན། )སྤྱོད་ལམ་བཟང་པ་དང་། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ།

(བརྒྱད།)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་འཛོམས་པ་བཅས་ཡིན་དགོས།

བཞི། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་རྩ་འཛུགས། མེ་གསོད་མེ་འགོག་གི་དྲུང་ཡིག་ལས་མི་བསྡུ་སྐབས་ཡུལ་དངོས་སུ་མིང་ཐོ་འགོད་དགོས་པ།

(གཅིག)ཡུལ་དངོས་སུ་མིང་ཐོ་འགོད་པ། ལས་བསྡུའི་བྱ་ཡུལ་གྱིས《མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་ལས་ཁུངས་ཀྱི་མེ་ཟོན་དྲུང་ཡིག་ལས་མི་བསྡུ་བའི་མིང་ཐོ་འགོད་པའི་རེའུ་མིག》(ཟུར་བཀོད2པ)ཕབ་འཇུག་བྱས་ནས་འབྲི་དགོས་པ་དང་། རེའུ་མིག་ནང་གི་གཞི་རྩའི་ཆ་འཕྲིན་འཕྲུལ་ཆས་ནང་འབྲི་ཆོག་པ། མིང་འབྲི་བའི་རིམ་པ་ལག་བྲིས་ཡིན་དགོས། ཟླ3པའི་ཚེས23ཉིན་ནས་ཟླ4པའི་ཚེས15ཉིན་བར་དུ། 《མཚོ་སྔོན་ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་ལས་ཁུངས་ཀྱི་མེ་ཟོན་ཡིག་མཁན་བསྡུ་བའི་ཐོ་འགོད་རེའུ་མིག》དང་། སོ་སོའི་ཐོབ་ཐང་ལག་འཁྱེར(སྡོད་གནས་ལག་རྟགས)ཐེམ་ཐོ། སློབ་ཐོན་ལག་རྟགས(སློབ་གནས་ལག་རྟགས)པར་ཆུང6(ཚོན1ཅན་གྱི་མཐིལ་སྔོན་པོའམ་ཡང་དཀར་པོ)དང་དེ་བཞིན་འབྲེལ་ཡོད་ཐོབ་ཐང་དཔང་ཡིག་དཔྱད་ཡིག་སོགས་ཁྱེར་ནས། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཐོག་བརྩེགས་ལྔ་པའི་ལས་དོན་ཁྲུའུ་རུ་ཡུལ་དངོས་སུ་མིང་ཐོ་དགོད་དགོས། སྔ་དྲོའི་ཆུ་ཚོད9:00-12:00ཕྱི་དྲོའི་ཆུ་ཚོད14:30-17:00)

དགུ། སྒྲིག་ཁྲིམས་དང་ལྟ་སྐུལ།

མེ་ཟོན་དྲུང་ཡིག་ལས་མི་བསྡུ་སྐབས་ཆ་འཕྲིན་དང་བརྒྱུད་རིམ། མཇུག་འབྲས་བཅས་ཡོངས་སྒྲོག་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་དགོས། ཐེངས་འདིའི་ལས་བསྡུའི་ནང་སྒྲིག་གཞི་གང་རུང་ཞིག་ལ་མངགས་བཅོལ་བྱས་ནས་ཟབ་སྦྱོང་འཛིན་གྲྭ་གཉེར་གྱི་མེད། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་དུས་ཐོག་ཏུ་འབྲེལ་ཡོད་ཐེར་འདོན་ཞུ་གཏུག་བདག་སྤྲོད་བྱས་པ་མ་ཟད་འབྲེལ་ཡོད་གཏན་འབེབས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་དགོས།

ལྟ་སྐུལ་ཐེར་འདོན་ཁ་པར། 0971-8818037

བཅུ། དོན་ཚན་གཞན་དག

ལས་བསྡུའི་རིང་། འབྲེལ་ཡོད་དཔྱད་ཞིབ་དུས་ཚོད་དང་མིང་ཐོ་ཁྱབ་སྒྲོག་སོགས་ཀྱི་ཆ་འཕྲིན་གལ་ཆེན་མཚོ་སྔོན་མེ་ཟོན་དྲ་བའི་སྤྱི་བསྒྲགས་སྒྲོམ་གཞི། (119.qinghai.gov.cn)ཁྱབ་སྒྲོག་བྱས་ཏེ། གདན་ཞུ་བྱ་ཡུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས། བློ་འདྲིའི་ཁ་པར། 0971-8818021 ལས་གནས་ཁག་གི་ཞིབ་ཕྲའི་གདན་ཞུའི་ལས་དོན་གྱི་བློ་འདྲིའི་ཁ་པར་དེ་ཟུར་བཀོད་ཡིག་ཆ1ཏུ་གསལ། སྤྱི་བསྒྲགས་འདིའི་ནང་གཏན་འབེབས་བྱས་མེད་པའི་དོན་དག་རྣམས་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།