རྟ་ཐང་རྫོང་གིས་ད་ལོར་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ33བསྐྲུན་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ད་ལོར། རྟ་ཐང་རྫོང་གིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ33འཛུགས་སྐྲུན་བྱེད་རྩིས་ཡོད་པ་དེ་དག་ཡུལ་ཚོ་དང་གྲོང་རྡལ15དང་འབྲེལ་བ་ཡོད་ཅིང་། མང་ཚོགས་ཁྲི4.8ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

རྟ་ཐང་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་གཙང་སྦྲ་བྱེད་པའི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲོང་ཚོའི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད། ཞིང་འབྲེལ་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ནས“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་ཟུང་འབྲེལ་བྱེད་པ། ཞིང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གྲྭ་སོགས་ལས་གཞི་ལ་བརྟེན་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གང་མགྱོགས་གསབ་པ་རེད། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་ཁོར་ཡུག་དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།ལོ་ངོ་འདི་དག་གི་རིང་། རྟ་ཐང་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ས་ཁོངས་དང་རང་བྱུང་ལེགས་ཆ་དང་ཟུང་འབྲེལ་གྱིས་ཁྱད་ལྡན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། མི་རིགས་ཀྱི་དམངས་སྲོལ་རིག་གནས་སྔོག་འདོན་གྱིས་སྒྲིག་བཀོད་འཐུས་ཚང་དང་། ཁོར་ཡུག་མཛེས་པ། ཁྱད་ཆོས་མངོན་གསལ། ཐོན་ལས་ཀྱིས་གཙོ་ཁྲིད་བཅས་བྱེད་པའི་མཛེས་པའི་གྲོང་ཚོ་གསར་སྐྲུན་བྱས་ཡོད་པ་རེདད།

ཀླུ་མོས་བསྒྱུར།