གཅིག་སྒྲིལ་རྫོང་གིས་ལས་དོན་གཙོ་བོ་ཁག་དོན་འཁྱོལ་ཏན་ཏིག་བྱས་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཉིན་ཤས་གོང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས“དམ་འཛིན་གཉིག་དང་སྐུལ་འདེད་གཉིས”མཐའ་འཁྱོངས་ཀྱིས་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། ལས་གཉེར་གྱི་དཀའ་གནད་ཧུར་ཐག་སེལ་བ། ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་དང་། མི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་ཀྱི་ཁར་སྒྲོག་འགྲེལ་བྱེད་སྒོ་དང་ཟུང་འབྲེལ་གྱིས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀའི་གཙོ་གནད་ལ་དམིགས་ཏེ། གནད་སྨིན་ཇུས་འདོན་གྱིས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

གཅིག་སྒྲིལ་རྫོང་གིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་ལོ་འཁོར་གྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་འཆར་གཞི་ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་ཤིང་། ལས་གཞིའི་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་ཚན་རིག་དང་མཐུན་པའི་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་དྲ་རྒྱའི་མ་ལག་བཅས་བཅུགས་ནས་འདུམ་འགྲིག་ཨུ་ལྷན44ཡི་འདུམ་འགྲིག་པ149བཙུགས་ཏེ་རྫོང་ཁོངས་ས་ཁུལ་ཚང་མར་ཁྱབ་ཐུབ་པ་བྱས་ཡོད།

དེ་དང་ཆབས་ཅིག གཅིག་སྒྲིལ་རྫོང་གིས་དབུལ་ཐར་འགག་སྒྲོལ་ལ་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ་ཁག་གིས“ཞན་ཆ་ཁ་གསབ་དང་གཅིག་བསྡུས་གཙང་སེལ”བྱེད་རྒྱུ་དམིགས་ཚད་དུ་བྱས་ཏེ། བདེ་འཇགས་འཐུང་ཆུ་དང་། བདེ་འཇགས་སྡོད་ཁང་། ཡིག་ཚགས་འཐུས་ཚང་། ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ཐད་སླར་ཡང་ནུས་ཤུགས་ཡོད་རྒུས་གཅིག་སྡུད་འགག་སྒྲོལ་དང་། དུད་ཚང་དབུལ་པོའི་ལས་ཞུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་། མཐར་ཕྱིན་སློབ་ཆེན་སློབ་མ་གཞི་རིམ་གྱི་ལས་ཀའི་ལས་གནས་ཐོག་བསྡུ་ལེན་ཧུར་ཐག་བྱས་པ་རེད། ད་དུང་ལས་བྱེད་བརྒྱ་ཚོ་སྡེ་བར་བསྐྱོད་པའི་སྒོ་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་ཕྱོགས་ཡོངས་ནས་བཙུགས་ཏེ། སྲོལ་རྒྱུན་གྱི་འབྲོག་ལས་དེང་རབས་ཀྱི་འབྲོག་ལས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད་པ་རེད། ད་སྔའི་བར་སློབ་ཆེན་སློབ་མ38ལས་ཞུགས་ཐུབ་པ་དང་སྡོད་ཁང་བདེ་འཇགས་ཀྱི་གནད་དོན144ཐག་གཅོད་ཐུབ་ཡོད། དེའི་རྨང་གཞིའི་ཐོག་གཅིག་སྒྲིལ་རྫོང་གིས་མ་དངུལ་སྒོར་ཁྲི92.3བཏང་ནས་རྫོང་ཡོངས་ཀྱི་ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག་དང་སྒྲིག་གཞི་ཚང་བའི་གྲོང་ཚོ22ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། རྫོང་ཡོངས་ཀྱི་མང་ཚོགས་ཁྲི2.9ལ་ཕན་པ་ཐོབ་ཡོད།

ཀླུ་མོས་བསྒྱུར།