ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་ཀྱི་བྱ་བའི་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་དང་ལིའུ་ཉིང་གིས་བྱ་བར་རེ་བ་བཏོན།

ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན། ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་ཀྱི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་སོ་སོར་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་བཙུགས་པ་ནི་བཅོས་སྒྱུར་གྱི་ཐབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། སྡེ་ཚོགས་བཙུགས་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། སྒོ་བྱང་བཀལ་བ་ནི་མགོ་བརྩམས་པ་ཡིན་ལ་མགོ་བརྩམས་པ་ན་ཁག་ཁུར་བྱེད་དགོས་པའི་སྙིང་སྟོབས་བཅངས་ཏེ། ལོ་དང་བོའི་བྱ་བ་སྣ་ཚོགས་ཏན་ཏིག་གིས་བཟང་བོར་བསྒྲུབས་ནས། དུས་ཡུན་ཐུང་ངུའི་ནང་མགོ་བཟང་བོ་ཞིག་བརྩམས་ཡོད། མཚོ་སྔོན་འཕེལ་རྒྱས་སུ་འགྲོ་དགོས་ན་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་སུ་འགྲོ་དགོས་པས། ལོ་གསར་བའི་ནང་ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། བཅོས་སྒྱུར་གྱི་བསམ་བློས་དེང་རབས་ཁེ་ལས་ལམ་ལུགས་མྱུར་དུ་འཛུགས་པ་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་མྱུར་དུ་གསབ་པ། དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མྱུར་དུ་འཛུགས་པ། འགྲིམ་འགྲུལ་གྱི་ཞིང་ཆེན་སྟོབས་ཅན་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཉེན་ཁ་ཆེན་པོ་སེལ་བའི་མཁྲེགས་གཏོར་འཐབ་མོ་ལས་རྣམ་པར་རྒྱལ་བ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བ་བཅས་ལ་བྱས་རྗེས་འཇོག་དགོས་ཟེར།

ལིའུ་ཉིང་གིས་བསྟན་དོན། ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་བཙུགས་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཁག་ཁུར་འབད་བརྩོན་དང་དཀའ་ངལ་ཁྱད་སེལ་གྱིས་བྱ་བ་སྣ་ཚོགས་ཧུར་ཐག་གིས་བསྒྲུབས་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ད་ལོ་ནི་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་འཕེལ་རྒྱས་སུ་འགྲོ་མགོ་རྩོམ་པའི་གནད་འགག་གི་ལོ་ཡིན་པས། འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་ཀྱིས་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་འཛིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ཀཡི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་དུ་དམིགས་ནས། འགྲན་རྩོད་ཀྱི་ནུས་ཤུགས་ལྡན་པའི་འགྲིམ་འགྲུལ་ཁེ་ལས་སྡེ་ཚོགས་ཧུར་ཐག་གིས་བསྐྲུན་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་སྤེལ་བའི་ཐད་ནས་སྔོན་སྐྱོད་བྱེད་པ་དང་བྱས་རྗེས་འཇོག་དགོས་ཟེར།

ཁོང་ཡུས་གིས་འགྲིམ་འགྲུལ་སྡེ་ཚོགས་ཀྱི་དུས་རིམ་སྔོན་མའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་བྱ་བ་གལ་ཆེན་ཐད་བཀོད་སྒྲིག་བྱས། ཁོས་བསྟན་དོན། གནས་བབ་ལ་ཞིབ་འཇུག་བརྡར་གཅོད་ཡང་དག་བྱེད་པ་དང་། གོ་སྐབས་དམ་འཛིན་གང་ལེགས་བྱེད་པ། འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ་བཅས་ནི་འགྲིམ་འགྲུལ་རྐང་འཛིན་སྡེ་ཚོགས་ཀྱིས་རང་འགུལ་བརྩོན་ལེན་བྱེད་པ་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ། མ་འོངས་རྒྱལ་ཁ་ལེན་པ་བཅས་ཀྱི་གནད་འགག་ཡིན་པས། སྤྱིའི་བླང་བྱ་དང་ཆེ་ཕྱོགས་ཁོར་ཡུག གོ་སྐབས་འགྲན་རྩོད་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཁྲོད་དུ་ཞིང་ཆེན་ལ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱི་འགན་འཁྲི་དང་ལེན་བཟང་བོ་བྱེད་དགོས་ཟེར།