དཀར་མཛེས་ཁུལ་གྱི་ནད་པ་མཐའ་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པ།

ཟླ3ཚེས19ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཀྲུང་བོད་སྨན་ཁང་གིས་སྨན་ཁང་དེའི་ཏོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་པ་ཆེས་མཐའ་མ་དེ་སྨན་བཅོས་བྱས་ནས་སྨན་ཁང་ནས་བུད་པའི་གཏམ་བཟང་བསྒྲགས་པ་རེད། དེའི་མཚམས་རྟའུ་རྫོང་དུ་གཏན་འཁེལ་བྱས་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་ཡོད། རྫོང་ཡོངས་སུ་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ73 ཡོད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པ་དང་། སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བའི་ཚད100%ཟིན་ཡོད། དེས་དཀར་མཛེས་ཁུལ་ཁུལ་ཡོངས་ཀྱི་གཏན་འཁེལ་བྱས་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་བ་མཚོན།

ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་འབྲུག་ཆེ་གེ་མོ། ལོ38དང་བུད་མེད། རྟའུ་རྫོང་གི་མི་ཡིན། ས་ཆ་གཞན་དུ་ཡུལ་སྐོར་ལ་སོང་མྱོང་པའི་ལོ་རྒྱུས་མེད་པ། ཟླ་2ཚེས་18ཉིན་ཏོག་གསར་གློ་ཚད་འགོས་པའི་ནད་པར་གཏན་འཁེལ་བྱས་ཏེ་ཁུལ་ནང་ཁོངས་ཀྱི་དམིགས་བཙུགས་སྨན་ཁང་དུ་སྨན་བཅོས་བྱས་པ་རེད།

སྨན་དོན་མི་སྣས་འབད་བརྩོན་ངང་སྨན་བཅོས་མྱུར་སྐྱོབས་བྱས་པ་བརྒྱུད། ནད་པ་འབྲུག་ཆེ་གེ་མོའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་བ་རེད། ཟླ་2ཚེས་17ཉིན་ནས་ཟླ་3ཚེས་14ཉིན་བར་ནད་དུག་ཉིང་སྐྱུར་བཤེར་འཇལ་མིད་པའི་ཚོད་ཤོག་ཐེངས་གཉིས་ལ་འཚོལ་བསྡུ་བྱས་པའི་དུས་ཚོད་ཆུ་ཚོད་24ལས་ཚང་མ་སྲིབ་གཤིས་ཡིན་ཞིང་། འབྲེལ་ཡོད་ནད་རྟགས་མེད་པར་གྱུར་ཏེ 《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་བརྟག་སྨན་བཅོས་ཇུས་གཞི》ཡི་འབྲེལ་ཡོད་ལོགས་བཀར་གྲོལ་བ་དང་སྨན་ཁང་ནས་འབུད་པའི་ཚད་གཞི་ལ་སླེབས་ཡོད། ཟླ་3ཚེས་19ཉིན། རིགས་གཅིག་མཁས་ཅན་ཚོ་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད། ནད་པ་འབྲུག་ཆེ་གེ་མོ་སྨན་ཁང་ནས་འབུད་རྒྱུར་མོས་མཐུན་བྱུང་ཡོད། ནད་པ་འདི་ནི་རྟའུ་རྫོང་གི་ནད་དཔེ་གཏན་འཁེལ་བྱས་པའི་ནད་པ་ཆེས་མཐའ་མ་དེ་ཡང་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།