ཀྲང་ཝུན་ཁའེ་ཡིས་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་བྱ་བར་མཛུབ་ཁྲིད་གནང་བ།

ཟླ3པའི་ཚེས17ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་ལྷོ་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁའེ་འཁོར་དང་བཅས་པ་ཁུལ་མི་རིགས་གླུ་གར་ཚོགས་པར་ཕེབས་ནས་བྱ་བར་མཛུབ་ཁྲིད་གནང་བར་མ་ཟད། ཁུལ་མི་རིགས་གླུ་གར་ཚོགས་པའི“མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་བཙུགས་ནས་ལོ་འཁོར་བརྒྱ་ལོན་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཟློས་གར་འཁྲབ་སྟོན”གྱི་གསར་རྩོམ་རུ་ཁག་གི་འཁྲབ་སྟོན་པ་དང་ལྷན་དུ་ཟློས་གར་གསར་རྩོམ་གྱི་བསམ་བློའི་འཁྱེར་སོ་དང་ཞིབ་ཕྲའི་ལས་བགོས་ལ་ཞིབ་འཇུག་དང་གླེང་མོལ་བྱས།

ཀྲང་ཝུན་ཁའེ་ཡིས་བསྟན་དོན། གླུ་གར་འཁྲབ་ཚན་གསར་རྩོམ་བྱེད་དུས་བསམ་བློ་གསར་བ་དང་དུས་རབས་གསར་པའི་བརྗོད་དོན་གཙོ་བོ་གཙིགས་སུ་བཟུང་སྟེ། འཇོན་མི་གསོ་སྐྱོང་བྱས་ན་ད་གཟོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་བརྩམས་ཆོས་ལེགས་པོ་ཞིག་རྩོམ་ཐུབ་ངེས། དུས་མཚུངས་སུ། རྒྱལ་ཁབ་ཀྱི་སྲིད་ཇུས་གསར་བ་དང་ཆ་འཕྲིན་དྲ་རྒྱའི་སྟེགས་བུ་ཆེན་པོ་འདི་ལ་བསྟུན་ནས་མཛེས་སྡུག་ལྡན་པའི་འཆམ་མཐུན་གྱི་མཚོ་ལྷོའི་རྣམ་པ་གསར་པ་དེ་མངོན་དགོས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།