གནས་སྐབས་རིང་ཇོ་མོ་གླང་མར་འཛེག་མི་ཆོག་པ་བཟོས་འདུག

ཉེ་ཆར། ཀྲུང་གོའི་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་མོ་གླང་མའི་བྱང་ཕྱོགས་རི་འདབས་ཀྱི་ཀྲུང་གོའི་བོད་ལྗོངས་ངོས་ཀྱི་འགྲོ་ལམ་བཀག་པའི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་གཙོ་བོ་ཇོ་མོ་གླང་མའི་སྒར་ས་ཆེན་མོར་ཏོག་གསར་གློ་ཚད་མི་འགོ་བར་འགོག་ཟོན་དང་ས་ཁུལ་དེར་སྨན་བཅོས་རོགས་སྐྱོབ་ཀྱི་དཀའ་གནད་ཆེ་བས་རེད། གནས་ཚུལ་སྤེལ་བ་ལྟར་ན། ཉེན་དཔྱད་རུ་ཁག་སུ་ཞིག་ཡིན་རུང་དབུ་རྩེའི་བྱང་འདབས་ལ་འཛེག་མི་ཆོག་པར་མ་ཟད། དཔྱིད་ཚུགས་རྗེས་ཀྱི་རི་འཛེག་བྱེད་སྒོ་ཆ་ཚང་སྤེལ་མི་ཆོག་པ་བཟོས་འདུག

ཚེས12ཉིན། བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཏོག་གསར་གློ་ཚད་འགོག་ཟོན་བྱེད་པའི་དགོས་མཁོར་དམིགས་ཏེ། 2020ལོའི་དཔྱིད་དུས་ཀྱི་ཕྱི་རྒྱལ་རི་འཛེག་ཚོགས་པའི་སྣེ་ལེན་ལས་དོན་སྤེལ་མཚམས་བཞག་པའི་གསལ་བསྒྲགས་སྤེལ་ཡོད།

གསལ་བསྒྲགས་དེའི་ནང་། གོ་ལ་ཧྲིལ་པོའི་རིམས་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ཏེ་དུས་ཚོད་ངེས་ཅན་ཞིག་འགོར་བ་ན་ད་བཟོད་་ཕྱི་རྒྱལ་རི་འཛེག་ཚོགས་པའི་སྣེ་ལེན་ལས་དོན་སླར་གསོ་བྱ་རྒྱུ་ཡིན་ཚུལ་བསྟན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།