ཁྱོད་ཀྱིས་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་གྱི་སྤྱོད་སྒོ་འདི་དག་ཤེས་སམ།

རྒྱ་ཆེ་བའི་རླངས་འཁོར་ཁ་ལོ་བ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ངང་བླངས་པའི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་དེ་ཡིས་རླངས་འཁོར་གྱི་རིགས་གང་དག་བཏང་ཆོག་པ་ཤེས་སམ། འདིའི་སྐོར་གྱི་ཤེས་བྱ་འཚོལ་བསྡུ་བྱས་ཡོད་པས། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་ཡིད་གཟབ་གནང་རོགས་ཞུ།

A1ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། ཟོག་འདྲེན་རླངས་འཁོར་ཆེ་གྲས། རླངས་འཁོར་ཆུང་གྲས། རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས། དལ་བགྲོད་ཟོག་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར་སོགས་བཏང་ཆོག

A2ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་འདྲུད་འཐེན་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། ཟོག་འདྲེན་རླངས་འཁོར་ཆེ་གྲས། རླངས་འཁོར་ཆུང་གྲས། རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས། དལ་བགྲོད་ཟོག་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར། རང་འགུལ་འཕྲུལ་ཆས་འཁོར་ལོ་སོགས་བཏང་ཆོག

A3ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་རླངས་འཁོར་ཆུང་གྲས། རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས། དལ་བགྲོད་ཟོག་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར་སོགས་བཏང་ཆོག

B1ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། རླངས་འཁོར་ཆུང་གྲས། རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས། དལ་བགྲོད་ཟོག་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར། རང་འགུལ་འཕྲུལ་ཆས་འཁོར་ལོ་སོགས་བཏང་ཆོག

B2ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་ཟོག་འདྲེན་རླངས་འཁོར་ཆེ་གྲས། རླངས་འཁོར་ཆུང་གྲས། རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས། དལ་བགྲོད་ཟོག་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར། རང་འགུལ་འཕྲུལ་ཆས་འཁོར་ལོ་སོགས་བཏང་ཆོག

C1ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་རླངས་འཁོར་ཆུང་གྲས་དང་རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས། དལ་བགྲོད་ཟོག་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར་བཅས་བཏང་ཆོག

C2ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་རང་འགུལ་མགྱོགས་ཚད་རིམ་སྤོར་རླངས་འཁོར་ཆུང་གྲས་བཏང་ཆོག

C3ཅན་གྱི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་ཅན་གྱིས་དལ་བགྲོད་ཟོག་འདྲེན་རླངས་འཁོར་བཏང་ཆོག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།