དབྱང་ཧྥུན་ཁྲུན་གྱིས་མཚོ་ནུབ་ཁུལ་གྱི་རིག་གནས་གནས་སྐོར་བྱ་བར་རྟོག་ཞིབ་བྱས།

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་མཚོ་ནུས་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་དང་རིག་དངོས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བབའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱེད་པའི་ཞོར་དུ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་ལྗོངས་རྒྱུ་ཁུལ་སླར་གསོ་སྒོ་འབྱེད་བྱས་ཏེ། ས་གནས་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

དབྱང་ཧྥུན་ཁྲུན་སྔ་གཞུག་ཏུ་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་དང་ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ཁུལ། ཚྭ་ཁ་གནས་སྐོར་བའི་བསྡུ་འགྲེམ་ལྟེ་གནས། གཏེར་ལེན་ཁའི་ཀྲུང་གོ་དང་བལ་བོའི་ཐོན་ལས་ར་བ། མཚོ་ནུབ་ཁུལ་ཁུ་ནུ་རྟེན་མཛོད་གླིང་སོགས་ལ་སོང་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་འགོ་རྩོམ་པ་དང་ལྗོངས་རྒྱུ་ཁུལ་སླར་གསོ་སྒོ་འབྱེད། རིམས་ནད་འགོག་སྡོམ་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ལས་གཞི་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། ཆེ་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་། གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བཀོལ་སྤྱོད་བཟང་བོ་བྱས་ནས། ལས་གཞི་གལ་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གནས་བབ་གསར་བའི་འོག་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་གནས་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ་དང་། གནས་སྐོར་ཐོན་ཁུངས་སྔོག་འདོ་བྱེད་པ། ལས་རྣམ་གསར་བ་དང་ཐོན་རྫས་གསར་བ། མ་དཔེ་གསར་བ་སྐྱེད་སྲིང་བྱེད་པ། དགེ་མཚན་ཁ་གསབ་བྱེད་པ་དང་གནས་བསྣོལ་འཕེལ་རྒྱས་སུ་བཏང་སྟེ། ཁུལ་ཁོངས་གནས་སྐོར་སྤུས་ལེགས་ཐོན་རྫས་བསྐྲུན་དགོས་ཟེར།