མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་ལེགས་སྒྲིག་དང་རིམས་ནད་བྱུང་བའི་སྐབས་ཀྱི་ས་ཁང་བདག་ཁོངས་དཔྱ་ཁྲལ། གྲོང་གསེབ་ཀྱི་ས་ཞིང་བཀོལ་སྤྱོད་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དཔྱིད་དུས་སློབ་འགོ་རྩོམ་པ། རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་མཁར་གྲོང་སྡོད་ཁུལ་བྱ་བའི་མི་སྣར་སེམས་ཁུར་བྱེད་པའི་བྱེད་ཐབས། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པའི་ཕྱོགས་སྟོན་གཏན་འབེབས་བྱེད་པ་སོགས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་འཇོག་བྱེད་པ་དང་། ཞིབ་འཇུག་ནན་མོ་བྱེད་པའི་རྨང་གཞིའི་སྟེང་། དུས་ཐོག་ཏུ་རྫོང་དང་ཆུས་ཡོངས་སྤྱིར་བཏང་གི་འགོག་སྡོམ་ཁུལ་ནས་རྒྱུན་རྣམ་གྱི་འགག་སྡོམ་ཁུལ་གྱི་ཁྲོད་འཇོག་རྒྱུ་ནི། ཀྲུང་དབྱང་གི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་བྱེད་ཐབས་བཟང་བོ་དང་། མིག་སྔའི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མངོན་སུམ་གྱི་དགོས་མཁོ་ཡིན། རིམས་ནད་འགོག་སྡོམ་བྱ་བར་ནམ་ཡང་དམ་འཛིན་བྱེད་པ་མ་ཟད། སྲིད་འཛིན་འཕྲལ་བསྟུན་དོ་དམ་ཚོད་འཛིན་ཁྱོན་ཡོངས་ནས་གློད་སྐྱེད་བྱས་ཏེ། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་མྱུར་དུ་སླར་གསོ་བྱེད་དགོས། འགོ་ཁུངས་དང་ཡུན་རིང་གི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས་ཏེ། རིམས་ནད་ཕྱི་རྒྱལ་ནས་རྒྱལ་ནང་ལ་ཁྱབ་པར་འགོ་ཁུངས་ནས་བཀག་འགོག་བྱེད་པ་དང་། བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ་མ་ཟད། འབྱོང་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་དམིགས་ནས། བྱ་བའི་སྔོན་དཔག་རང་བཞིན་དང་མདུན་བལྟ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལས་ཐོན་སླར་གསོ་བྱེད་རྒྱུ་དེ་མ་ལག་བཟོ་སྐྲུན་དུ་བརྩིས་ནས། ཧ་ཅང་མཐོང་ཆེན་བྱེད་པ་དང་གཅིག་གྱུར་འཆར་འགོད་བྱེད་པ། དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ། དངོས་རྫུན་ཟུང་འབྲེལ་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བབ་བསྟུན་མདུན་སྐྱོད་དང་རྒྱུན་མཐུད་ཤུགས་འདོན་བྱས་ཏེ། ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་ཐད་རོགས་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བྱ་བའི་རང་འགུལ་རང་བཞིན་མཐོར་འདེགས་གཏོང་བ། ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་བཏོན་ནས། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཀྱིས་ཕན་འབྲས་ཆེན་པོ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། སྲིད་ཇུས་བློ་འདྲི་དང་ཞབས་ཞུའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྨྱན་བྱད་ཀྱི་དྲིལ་སྒྲོག་བྱེད་ཐབས་མང་པོ་སྤྱད་དེ། ཆ་འཕྲིན་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས། སྲིད་ཇུས་ལག་བསྟར་གནས་ཚུལ་ལ་རྗེས་འདེད་དཔྱད་འཇོག་བྱེད་པ་དང་། ལག་བསྟར་བྱེད་པའི་ཁྲོད་བྱུང་བའི་གནད་དོན་གསར་བར་དོ་སྣང་ཆེན་པོ་བྱས་ནས། སྔ་མོ་ནས་གནད་དོན་འཚོལ་བ་དང་དུས་ལྟར་ཁ་གཏད་འཇལ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཁར་གྲོང་སྡོད་ཁུལ་གྱི་ལས་བྱེད་པར་སེམས་ཁུར་བྱེད་པའི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པར་སྣེ་ཁྲིད་བྱས་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལས་ཐོན་སླར་གསོ་རྟོག་ཞིབ་ཚན་ཆུང་གི་ཚན་གཙོ་ལུང་ཀའོ་ཆང་སོགས་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་འབྲེལ་ཡོད་གྲོས་དོན་ཁྲོད་ཞུགས།