ཝང་ཅན་ཅོན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཛུབ་ཁྲིད་དུ་བྱེད་པ་དང་། གཅིག་གྱུར་དང་རིགས་བགར་བ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལས་ཐོན་སླར་གསོ་དང་སློབ་འགོ་རྩོམ་པའི་བྱ་བ་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅུན་སོགས་མཚོ་ནུབ་ཧྭ་ཧུའེ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་ཟི་དང་ཀྲུང་ཏི་ཟས་རིགས་སྣ་འཛོམས་དངོས་སྐྱེལ་ཞབས་ཞུ་ཚད་ཡོད་ཀུང་ཟི། ཁུ་ནུ་ཚྭ་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་དག་གཙང་ནུས་ཁུངས་བེད་སྤྱོད་འགྲེམ་སྟོན་ཁང་། གཏེར་ལེན་ཁ་གྲོང་ཁྱེར་ནུས་ཁུངས་གསར་བའི་འོད་དྲོད་རྟེན་གཞི། པད་ཧྲུའུ་ཧྲན་སྡེ་གསར། ཞིན་ཡུས་འདེབས་གསོ་དཔེ་སྟོན་ར་བའི་ཁུལ་ཆེན་ལས་མཉམ་ལས་ཁང་སོགས་ཀྱི་ཐོན་སྐྱེད་འཁོར་ཁང་དང་ཞིང་ཁ། དཀའ་ཁག་ཆེ་བའི་ཁྱིམ་ཚང་དུ་སོང་ནས། ལས་འགོ་རྩོམ་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་ལས་བཟོ་བ་ལས་ཞུགས་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར། ཉོ་ཚོང་འཁོར་རྒྱུག ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་བཅས་ཀྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། གཅིག་གྱུར་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། གཅིག་གྱུར་དང་བགོ་འབྱེད་གཉིས་ཟུང་འབྲེལ་བྱེད་པ། གཅིག་གྱུར་དང་བགོ་འབྱེད་ཀྱི་རིག་སྟོབས་བཀོལ་སྤྱོད་བྱས་ནས། གཅིག་གྱུར་དང་བགོ་འབྱེད་ཀྱི་བྱ་བ་བཟང་བོ་བསྒྲུབ་དགོས། གཅིག་གྱུར་གྱི་འགན་འཁྲི་ཏང་ཨུ་དང་སྲིད་གཞུང་གི་སྟེང་ཡོད་པ་དང་། སྲིད་ཇུས་ལ་གཅིག་གྱུར་དང་མགོ་ཁྲིད་ལ་གཅིག་གྱུར་བྱེད་པ་དང་། གཅིག་གྱུར་བཀོད་གཏོང་བྱེད་པ། གཅིག་གྱུར་སྒོས་འགུལ་སྐྱོད་བྱེད་པ། ས་བབ་དང་བསྟུན་པ་དང་གནས་བབ་དང་བསྟུན་ནས་སྲིད་ཇུས་སྤྱོད་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་ལས་གཞི་གཙོ་བོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་དང་ཁ་གསབ་གཏན་ཁེལ་ལག་བསྟར་བཟང་བོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔྱིད་དུས་སློབ་འགོ་ཚུགས་པར་སྐུལ་འདེད་གཏོང་བའི་འགན་འཁྲི་ལྔ་དང་རྒྱབ་སྐྱོར་གསུམ། མཉམ་ལས་གསུམ་ཇེ་དྲག་ཏུ་གཏོང་བའི་བྱ་བའི་རེ་བ་ལག་བསྟར་བཟང་བོ་བྱས་ཏེ། གཅིག་གྱུར་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། བགོ་འབྱེད་ཀྱི་འགན་འཁྲི་ར་བའི་ཁུལ་དང་ཁེ་ལས། སློབ་གྲྭ ཁྱིམ་བདག་གི་སྟེང་ཡོད་པ་དང་། ཁུལ་བགོས་ནས་ཐོན་སྐྱེད་ལ་རྩ་འཛུགས་བྱེད་པ་དང་རིམ་པ་བགར་ནས་དོ་དམ་ལ་ཤུགས་སྣོན་པ། རིམ་པ་བགར་ནས་སློབ་ཁྲིད་བྱེད་པ། སྐོར་ཁག་བགོས་ནས་ཚན་རིག་དང་མཐུན་པར་འཛིན་གྲྭ་བགོ་བ། དུས་ཚོད་བགོས་ནས་ཟ་མ་ཟ་བར་བཀོད་སྒྲིག་བྱེད་པ། ར་བའི་ཁུལ་དང་ཁེ་ལས། སློབ་གྲྭ ཁྱིམ་བདག་བཅས་ཀྱིས་རང་བབ་འགན་འཁྲི་ལག་བསྟར་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་ལྡན་གྱི་སློབ་ཁྲིད་ལ་འགན་སྲུང་བྱས་ཏེ། བགོ་འབྱེད་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྩིས་ཐོ་སྤྲོད་པའི་ལོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམག་བཀའ་ཁུར་ལེན་ཞུ་ཡིག་ཡིད་ལ་དམ་པོ་འཛིན་པ་དང་དུས་ཚོད་ལྡོག་རྩིས་བྱེད་པར་དམ་དུ་དམིགས་པ། དམག་འཐབ་པར་རིས་ལག་ལ་དམ་པོར་འཛིན་པ། འགན་འཁྲི་ཕྲག་ཏུ་བླངས་ནས། མཇུག་བསྡུ་བྱ་བ་བཟང་བོར་བསྒྲུབ་པ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབུལ་ཐར་སྤུས་ཚད་མཐོར་འདེགས་གཏོང་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཁ་བརྩོན་ལེན་བྱེད་པའི་གཡུལ་སའི་སྟེང་། མིག་སྔར་དང་ཡུན་རིང་ལ་དམིགས་པ་དང་། ནང་ཤུགས་དང་ཕྱི་ཤུགས་སྤྱོད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། བྱེད་ཐབས་བཟང་བོ་སྤྱོད་པ། སྤྱོད་ཚུལ་ཇེ་དྲག་ཏུ་བཏང་སྟེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་རྒྱུགས་ལན་བཟང་བོ་སྤྲོད་དགོས་ཟེར།