ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་ལས་ཐོན་སླར་གསོ་བརྟག་ཞིབ་ཚོ་ཚུང་མཚོ་ཤར་དུ་ཕྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས18ཉིན། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལས་རིགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རྟོག་ཞིབ་ཚོ་ཆུང་མཚོ་ཤར་གྲོང་ཁྱེར་དུ་ལས་རིགས་དང་ཐོན་སྐྱེད་སླར་གསོའི་བྱ་བར་རྟོག་ཞིབ་གནང་བར་ཕེབས་ཤིང་། རྟོག་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུང་གོ་ཆང་གིས་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས་ཀྱིས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཚོ་ཤར་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

ལུང་གོ་ཆང་འཁོར་དང་བཅས་པ་ཧོར་གྲོང་ནས་ཆང་མ་རྐང་ཚད་ཡོད་ཀུང་སི་དང་། ཧོར་གྲོང་རྫོང་དྲ་ཐོག་ཚོང་དོན་དབུལ་སྐྱོར་ཞབས་ཞུ་ལྟེ་གནས་ཀྱི་ཆིན་ཤིའུ་གླིང་། ལུང་མདོ་ཆུས་དབྱང་ཅ་ཆུ་མཛོད་ལས་གཞིའི་ཡུལ་དངོས་དང་དུས་བདེའི་ཆུས་ཡོན་ཅ་གྲོང་ཚོར་བསྐྱོད་དེ་ལས་རིགས་དང་ཐོན་སྐྱེད་སླར་གསོའི་བྱ་བར་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་རེད། ཁོང་གིས་མཚོ་ཤར་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་སླར་གསོ་ཐོན་སྐྱེད་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པར་སྤྱི་འདོམས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་བཀོད་སྒྲིག་མུ་མཐུད་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་སྐུལ་འདེད། ཕྱོགས་གཉིས་འཐུས་ཤོར་མི་འགྲོ་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་པའི་རྨང་གཞིའི་ཐོག དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་འཐེན་ཐུག་ཐོན་ལས་གསོ་སྦྱོང་ཞབས་ཞུའི་ལྟེ་གནས་སུ་ལུང་གོ་ཆང་དང་བཅས་པས་གཞི་གྲངས་ཆེན་མོ་བརྒྱུད་དེ། འཐེན་ཐུག་ཐོན་ལས་དང་ཐོན་སྐྱེད་སླར་གསོ་བྱས་ཚུལ་ལ་གཟིགས་ཞིབ་གནང་པ་མ་ཟད། ཝུའུ་ཧན། ཀོང་ཀྲོའུ། པེ་ཅིང་སོགས་ཀྱི་འཐེན་ཐུག་ལས་མི་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་ཁོང་ཚོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་ལས་སླར་གསོ་ཁྲོད་ཀྱི་མཚོན་ཚུལ་བཟང་པོར་གུས་འདུད་ཞུས་པ་རེད། ཁོང་གིས་འཐེན་ཐུག་ཐོན་ལས་ནི་མཚོ་སྔོན་གྱི་གྲགས་ཅན་སྤུས་རྟགས་ཤིག་ཡིན་ལ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་དང་དམངས་ཚིས་ཐོན་ལས་ཤིག་ཀྱང་ཡིན་པས། རོགས་སྐྱོར་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ། རྒྱལ་ཡོངས་ས་གནས་ཁག་ཏུ་ཁྱབ་པའི་འཐེན་ཐུག་ཚོང་ཁང་གིས་རྒྱུན་གཏན་གྱི་གཉེར་སྐྱོང་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་དང་ཕན་འབྲས་སྲ་བརྟན་དང་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་དང་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་སྲུང་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།