ཟི་ལིང་མེ་འཁོར་ས་ཚུགས་ནས་མེ་འཁོར་སྣོན་འཕྲི་བརྒྱབ་པའི་གནས་ཚུལ།

ཏོག་གསར་གློ་ཚད་ཀྱི་འགོག་ཟོན་དང་ལས་ཐོན་སླར་གསོ་དོན་འདེབས་བྱ་ཆེད། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་དང་སྡེ་ཚོགས་ཀུང་ཟིའི་གཅིག་གྱུར་བཀོད་འདོམས་གཞིར་བཟུང་སྟེ། ཟི་ལིང་མེ་འཁོར་འབབ་ཚུགས་ལ་མེ་འཁོར་ཕྲི་སྣོན་བརྒྱབ་པའི་བརྡ་སྦྱོར་གཤམ་གསལ་ལྟར།

ཞིས་ཨན་བྱང←ཟི་ལིང→ཅ་ཡུས་ཀོན་ལྷོ།

ཟླ3པའི་ཚེས21ཉིན་ནས་ཟླ3པའི་ཚེས30ཉིན་བར། ཅ་ཡུས་ཀོན་ལྷོ་ནས་ཞིས་ཨན་བྱང་བར་གྱིD2674གཏོང་མཚམས་བཞག་པ་རེད། (ཟི་ལིང་ནས་སྡོད་མཚམས་བཞག )

ཟླ3པའི་ཚེས22ཉིན་ནས་ཟླ3པའི་ཚེས31ཉིན་བར། ཞིས་ཨན་བྱང་ནས་ཅ་ཡུས་ཀོན་ནན་བར་གྱིD2671གཏོང་མཚམས་བཞག་པ་རེད། ((ཟི་ལིང་ནས་སྡོད་མཚམས་བཞག

ལན་ཀྲོའུ་ནུབ← ཟི་ལིང→ ཅ་ཡུས་ཀོན་ལྷོ།

ཟླ3པའི་ཚེས21ཉིན་ནས་ཟླ3པའི་ཚེས30ཉིན་བར། ལན་ཀྲོའུ་ནུབ་ནས་ཅ་ཡུས་ཀོན་ལྷོའི་བར་གྱིD2743གཏོང་མཚམས་བཞག་པ་རེད། (ཟི་ལིང་ནས་སྡོད་མཚམས་བཞག)

ཟླ3པའི་ཚེས22ཉིན་ནས་ཟླ3པའི་ཚེས31ཉིན་བར’ ཅ་ཡུས་ཀོན་ལྷོ་ནས་ལན་ཀྲོའུ་ནུབ་བར་གྱིD2750གཏོང་མཚམས་བཞག་པ་རེད། (ཟི་ལིང་ནས་སྡོད་མཚམས་བཞག ) 

ལན་ཀྲོའུ་ནུབ←ཟི་ལིང←ཏུན་ཧོང་།

ཟླ3པའི་ཚེས21ཉིན་ནས་ཟླ3པའི་ཚེས30ཉིན་བརལ། ན་ཀྲོའུ་ནུབ་ནས་ཏུན་ཧོང་བར་གྱིD2749/52གཏོང་མཚམས་བཞག་པ་རེད། ((ཟི་ལིང་ནས་སྡོད་མཚམས་བཞག )

ཟླ3པའི་ཚེས22ཉིན་ནས་ཟླ3པའི་ཚེས31ཉིན་བར། ཏུན་ཧོང་ནས་ལན་ཀྲོའུ་ནུབ་བར་གྱིD2759/8གཏོང་མཚམས་བཞག་པ་རེད། (ཟི་ལིང་ནས་སྡོད་མཚམས་བཞག )

གནས་སྐབས་ཁ་སྣོན་བྱས་པའི་མྱུར་བགྲོད་འགྲུལ་སྐྱེལ་མེ་འཁོར།

ཟི་ལིང←→རྒྱ་མདོ།

2020ལོའི་ཟླ3པའི་ཚེས20ཉིན་དང་ཟླ3པའི་ཚེས22ཉིན་ཟི་ལིང་ནས་རྒྱ་མདོ་བར་མེ་འཁོརD9917/8གནས་སྐབས་ཁ་སྣོན་བྱས་པ་རེད།

ཟི་ལིང←→རྒྱ་མདོ།

2020ལོའི་ཟླ3པའི་ཚེས23ཉིན་ནས་ཟླ3པའི་ཚེས29ཉིན་བར་ཟི་ལིང་ནས་རྒྱ་མདོ་བར་གྱི་མེ་འཁོརD9915/6གནས་སྐབས་ཁ་སྣོན་བྱས་པ་རེད།

གསལ་བརྡ།

ས་ཁུལ་གཞན་གྱི་མེ་འཁོར་གཏོང་དུས་དང་པཱ་སེ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་རྒྱུས་ལོན་བྱེད་ན། 12306དྲ་ཚིགས་དང་བློ་འདྲི་ཁ་པར0971-12306བརྒྱུད་ནས་རྒྱུས་ལོན་བྱ་རོགས།

ཡོང་ཁུངས། མཚོ་བོད་ལྕགས་ལམ་ཟི་ལིང་མེ་འཁོར་ས་ཚུགས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།