གཅིག་སྒྲིལ་རྫོང་གིས་དགེ་རྒན་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གཅིག་སྒྲིལ་རྫོང་གི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཕྱིར་དང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། ཀྲུང་གུང་མགོ་ལོག་ཁུལ་ཏང་ཨུ་དང་མི་དམངས་སྲིད་གཞུང་གི《མགོ་ལོག་གི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར》(ཨང་རྟགས[2015]7པ)དང་ཀྲུང་གུང་གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི《གཅིག་སྒྲིལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར》(ཨང་རྟགས[2015]7པ)དགོངས་དོན་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ་སྒྲིག་ཁོངས་སུ་མི་ཚུད་པའི་དགེ་རྒན་བསྡུ་རྒྱུ་རེད།

གཅིག ལས་བསྡུའི་འཆར་འགོད་དང་ལས་གནས།

གཅིག་སྒྲིལ་རྫོང་གིས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ་སྒྲིག་ཁོངས་ཕྱིའི་དགེ་རྒན10བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་གླུ་དབྱངས་ཆེད་ལས་ཀྱི་དགེ་རྒན2དང་ལུས་རྩལ་ཆེད་ལས་ཀྱི་དགེ་རྒན2། རྒྱའི་སྐད་ཡིག་གི་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན3། རྩིས་གཉེར་ཆེད་ལས་ཀྱི་དགེ་རྒན1བཅས་བསྡུ་རྒྱུ་རེད།

གཉིས། ཆ་རྐྱེན།

1.དགེ་འོས་རིགས་ཀྱི་མཐོ་རིམ་སློབ་གླིང་གི་འབྲེལ་ཡོད་ཆེད་ལས་ཀྱི་སྐབས་སྔོན་མ་དང་ད་ལོར་སློབ་མཐར་ཕྱིན་པའི་ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས།(མཚོ་སྔོན་ཁྱིམ་ཐོ་ཡིན་དགོས།)

2.གླུ་དབྱངས་དང་ལུས་རྩལ། རྒྱ་ཡིག་གི་ལས་གནས་ལ་མིང་ཐོ་འགོད་སྐབས་འབྲེལ་ཡོད་ཆེད་ལས་ཀྱི་དགེ་རྒན་གྱི་དཔང་ཡིག་འཛིན་དགོས་ཤིང་། རྩིས་གཉེར་གྱི་ལས་གནས་ལ་མིང་ཐོ་འགོད་སྐབས་རྩིས་གཉེར་པའི་དཔང་ཡིག་དགོས་པ་རེད།

3.ལོ35མན་ཡིན་དགོས། (1985ལོའི་ཟླ3པའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)

གསུམ། མིང་ཐོ་འགོད་སྟངས་དང་དུས་ཚོད།

མིང་ཐོ་འགོད་སྟངས ། ཡུལ་དངོས་ནས་མིང་ཐོ་འགོད་དགོས།

མིང་ཐོ་འགོད་པའི་དུས་ཚོད། 2020ལོའི་ཟླ3པའི་ཚེས18ནས་ཟླ3པའི་ཚེས29ཉིན་བར།

མིང་ཐོ་འགོད་སའི་ས་གནས། གཅིག་སྒྲིལ་རྫོང་སློབ་གསོ་ཅུའུ་སློབ་དཔྱོད་ཁང་།

འབྲེལ་གཏུགས་མི་སྣ། ཚེ་འཛིན། ཕག་མོ་བཀྲ་ཤིས།

བཞི། མིང་ཐོ་འགོད་སྐབས་གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ།

1.ཁྱིམ་ཐོ།(མ་ཡིག་དང་བསྐྱར་དཔར།)

2.ཐོབ་ཐང་ལག་ཁྱེར།

3.མཐར་ཕྱིན་འཛིན་ཡིག

4.སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་དཔང་ཡིག

5.པར་ཆུང་།(ཉེ་དུས་བླངས་པའི་ཚོན་གཉིས་ཅན་གྱི་ཚོན་མདོག་སྔོན་པོའི་པར་ཆུང་བཞི།)

ལྔ། ལས་བསྡུ།

ངལ་རྩོལ་གན་རྒྱ་ཡི་གེ་བཞག་ནས་ལས་བསྡུ་བྱ་རྒྱུ་ཡིན་ཞིང་། ཚོད་ལྟའི་དུས་ཡུན་ཟླ་གསུམ་ཡིན།

དྲུག གསོལ་ཐང་།

1.ཟླ་རེར་ཟླ་ཕོགས་སྒོར5000-6000།

2.ལས་གནས་སྐབས་སུ་རྒྱུགས་གཞི་གཞན་པར་ཞུགས་ཆོག

3.སྡོད་ཁང་རྫོང་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་སྒོས་བཀོད་སྒྲིག་བྱ་ངེས།

བདུན། འབྲེལ་གཏུགས་བྱ་ཡུལ།

བློ་འདྲི་བྱ་ཡུལ། 0975—8331027(རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ)0975—8331735(རྫོང་སློབ་གསོ་ཅུའུ།)

ལྟ་སྐུལ་ཞུ་གཏུགས་ཁ་པར། 0975—8331027(རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ)0975—8331174(རྫོང་སློབ་གསོ་ཅུའུ།)

ལོ་ཙཱ་བ། ལྷ་ཆེན་རྒྱལ།