མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲིག་ཁོངས་ཕྱིའི་གན་རྒྱའི་ལམ་ལུགས་ཀྱི་དྲུང་ཡིག་བསྡུ་བའི་བརྡ་སྦྱོར།

ལས་ཀའི་དགོས་མཁོ་ལྟར། མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ཕྱིའི་གན་རྒྱའི་ལམ་ལུགས་ཀྱི་དྲུང་ཡིག་བསྡུ་རྒྱུ་གཏན་འབེབས་བྱས་པ་དང་ཞིབ་ཕྲའི་དོན་ཚན་སྤྱི་སྒྲོག་བྱས་པ་གཤམ་གསལ།

ལས་བསྡུའི་རྩ་དོན།

ཡོངས་སྒྲོག་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྤྱོད་ཡོན་ཉིས་ལྡན་གྱི་ཚད་གཞི་ལྟར་ཆ་རྐྱེན་འཛོམས་པའི་མི་སྣ་བསྡུ་དགོས་པ་རེད།

ལས་བསྡུའི་མི་གྲངས་དང་ཁྱབ་ཁོངས།

(གཅིག)ཐེངས་འདིའི་ལས་བསྡུ་ལས་གནས་ནི་གན་རྒྱའི་ལམ་ལུགས་ཀྱི་དྲུང་ཡིག5ཡིན། གདན་ཞུས་བཀོལ་སྤྱོད་བྱས་པའི་མི་སྣས་སྒྲིག་ཁོངས་སུ་མ་ཚུད་པའི་གན་རྒྱའི་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱ་རྒྱུ།

(གཉིས)ལས་བསྡུའི་ཁྱབ་ཁོངས།

ཐེངས་འདིའི་ལས་བསྡུའི་ལས་གནས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་པ།

ལས་བསྡུའི་ཆ་རྐྱེན།

1.ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་། སྤྱོད་པ་བཟང་། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ་བཅས་ཡིན།

2.ལས་ལ་དགའ་ཞིང་བརྩོན་པ་དང་། བྱ་གཞག་སྒྲུབ་སེམས་དང་འགན་འཁྲིའི་འཁུར་སེམས་ཆེ་བ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་ཆེ་བ། ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་ཡོད་པ། སྐད་ཆ་ཤོད་སྟངས་དང་ཡི་གེ་སྒྲིག་འཛུགས་ཀྱི་ཕྱོགས་བསྡུས་ནུས་པ་ཡག་པོ་ཡོད་པ་དང་། འབྲེལ་མཐུད་ནུས་པ་དང་མཐུན་སྦྱོར་ནུས་པ་ཡག་པོ་ལྡན་པ།

3.རྒྱལ་དམངས་སློབ་གསོའི་སློབ་ཆེན་གྱི་ཆེད་སྦྱོང་ཚན་ཁག་དང་དེའི་ཡན། ཆ་རྐྱེན་གཅིག་མཚུངས་འོག ཀྲུང་གུང་ཏང་ཡོན(གྲ་སྒྲིག་ཏང་ཡོན་ཚུད)ངམ་ཡང་ན་བཅའ་ཁྲིམས་ཆེད་ལས་པ་སྔོན་ལ་བསམ་བློ་གཏང་བ།

4.ལོ18ཡན་དང་ལོ35མན་ཡིན།

5.སྐྱེས་པ་དང་བུད་མེད་ལ་ཚད་བཀག་མེད་པ། ལུས་ཕུང་བདེ་ཐང་ཡིན་པ། རྒྱུན་ལྡན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་ལུས་ཕུང་གི་ཆ་རྐྱེན་ལྡན་པ། བླང་བྱ་གཞན་དག《རྒྱལ་ཁབ་ཀྱི་གཞུང་ལས་པའི་གཟུགས་པོ་བརྟག་དཔྱད་ཀྱི་ཀུན་སྤྱོད་ཚད་གཞི(ཚོད་ལྟའི་ལག་བསྟར)》གཞིར་བཟུང་ལག་བསྟར་བྱེད་དགོས།

6.རྩིས་འཁོར་གྱི་གཞུང་ལས་མཉེན་ཆས་ལ་བྱང་ཆ་ལྡན་པ། རྩོམ་འབྲིའི་ནུས་པ་ངེས་ཅན་ལྡན་དགོས།

ལས་བསྡུའི་བྱ་རིམ།

ཡོངས་སྒྲོག་གདན་ཞུ་དེ་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས(འཕྲུལ་ཆས་ཐོག་ཚོད་ལྟ་བྱེད་པ)ཐོབ་ཐང་བསྐྱར་ཞིབ་དང་། རྟོག་ཞིབ། ལུས་ཕུང་བརྟག་དཔྱད། ཁྱབ་སྒྲོག། ངལ་རྩོལ་གན་རྒྱ་འཇོག་པ་བཅས་ཀྱི་གོ་རིམ་གཞིར་བཟུང་རིམ་པ་བཞིན་བསྡུ་རྒྱུ།

(གཅིག)ཐོ་འགོད།

1.མིང་ཐོ་འགོད་པའི་དུས་ཚོད། 2020ལོའིཟླ3པའི་ཚེས16ཉིན་ནས་ཟླ3པའི་ཚེས18ཉིན་བར་ཡིན།

2.དགོས་ངེས་རྒྱུ་ཆ།

(1)རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར(མ་ཡིག་དང་བསྐྱར་དཔར།)

(2)ཁྱིམ་ཐོའི་མ་ཡིག་དང་བསྐྱར་དཔར། ཡང་ན་ཁྱིམ་ཐོའི་དཔང་ཡིག

(3)སློབ་གཉེར་བརྒྱུད་རིམ་དང་མཐར་ཕྱིན་ལག་ཁྱེར།(མ་ཡིག་དང་བསྐྱར་དཔར།)

(4)ཉེ་དུས་ཚུན་གཉིས་འདྲ་མཚུངས་ཡིན་པའི་ཚོན་ཁྲ་ཅན་གྱི་འདྲ་པར་གཉིས།

3.མིང་ཐོ་འགོད་པའི་ས་གནས།

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཐོག་བརྩེགས་ལྔ་པའི་ཆབ་སྲིད་པུའུ། (གཏེར་ལེན་ཁ་གྲོང་ཁྱེར་གྱི་ཁུལ་གསར)

འབྲེལ་གཏུག་ཁ་པར། 0977-8223658

(གཉིས)ཐོབ་ཐང་ཞིབ་བཤེར་དང་ཡིག་རྒྱུགས། ཞིབ་བཤེར་བྱས་པ་བརྒྱུད་མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པའི་མི་སྣར་ཡིག་རྒྱུགས་སྒྲིག་འཛུགས་བྱེད་པ། ཚད་ལེན་ཚོད་ལྟ་བྱེད་པའི་དུས་ཚོད་དང་ས་གནས་ཟུར་དུ་བརྡ་ཐོ་གཏང་རྒྱུ་རེད།

འབྲེལ་ཡོད་གླ་ཕོགས།

ཚོད་ལྟའི་དུས་ཚོད་ནང་ཟླ་རེར་སྒོར2800དང་དཔྱད་ཞིབ་ཚད་ལོན་རྗེས་ཟླ་རེར་སྒོར3000ཡིན་པ་རེད།

སྤྱི་སྒྲོག་འདི་མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་གསལ་བཤད་བྱེད་འགན་འཁུར་རྒྱུ།

བློ་འདྲིའི་ཁ་པར། 0977-8223658 0977-8207853།

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་།

2020ལོའི་ཟླ3པའི་ཚེས12ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།