དཔྱིད་ཀྱི་དཔལ་ཡོན་རྒྱས་པ་དང་བསྟུན་ནས་མཐོ་སྒང་དུ་ལས་འགོ་བསྐྱར་འཛུགས་ལ་བྲེལ་བཞིན་པ།

ཟླ་གསུམ་པ་ནི་སྐྱེ་དངོས་དག་གཉིད་ལས་སད་པའི་དུས་ཡིན་ན་ཡང་། རིམས་ནད་འགོག་ཟོན་དེ་ད་རུང་མུ་མཐུད་དུ་རྒྱུན་བསྲིངས་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་དག་གིས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་འགོག་ཚོད་འཛིན་གྱི་རིམ་པ་སོ་སོའི་བླང་བྱ་ལག་བསྟར་དངོས་འབེབས་བྱས་ཏེ། ཕྱོགས་གཅིག་ནས་རིམས་འགོག་ཚོད་འཛིན་དང་ཕྱོགས་གཅིག་ནས་ལས་འགོ་བསྐྱར་འཛུགས་བྱས། རང་ཞིང་གི་རིགས་སོ་སོའི་མི་དམངས་ཀྱིས་རིམས་འགོག་འཐབ་རྩོད་སྤེལ་བ་དང་ཆབས་ཅིག ཕྱོགས་གཅིག་ནས་རིམས་འགོག་དམག་འཁྲུག་སྤེལ་ཏེ་ནུས་ཤུགས་གང་ཡོད་སྒོས་ཞིང་ལས་ཐོན་ཁུངས་གསོག་འཇོག་བྱས། སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་ཚོད་འཛིན་དང་ཞིང་འབྲོག་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་ཐོན་སྐྱེད་བྱ་བ་ལེགས་པོར་སྒྲུབ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ལས་འགོ་བསྐྱར་འཛུགས་ཀྱིས་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་མངོན། གཤམ་གྱི་པར་འདི་དག་ནི་གསར་འགོད་པས་ཟླ3ཚེས4ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་གི་ཀུང་ཟི་དང་བཟོ་གྲྭ། རྟེན་གཞི་བཅས་ནས་བརྙན་འབེབས་བྱས་པའི་པར་རིས་ཡིན།

ཡོན་ཞིན་གཟན་ཆས་བཟོ་གྲྭའི་བཟོ་པ་དག་གིས་གཟན་ཆས་གྲ་སྒྲིག་བྱེད་བཞིན་པ།

ཡོན་ཞིན་གཟན་ཆས་བཟོ་གྲྭའི་ལས་བཟོ་པ་དག་གིས་གསར་དུ་ཐོན་སྐྱེད་བྱས་པའི་གཟན་ཆས་རླངས་འཁོར་ནང་བརྩིགས་ནས་མཁོ་གལ་ཆེ་བའི་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པ།

ཡོན་ཝང་ལྷད་མེད་ཤ་སྐམ་དཔེར་མཚོན་རྟེན་གཞིའི་བྱང་རི་ཡུལ་ཚོའི་ཡོན་ཝང་གསོ་སྤེལ་ར་བའི་གསོ་སྤེལ་ལག་རྩལ་མི་སྣ་དག་གིས་དྲོད་ཁང་ནང་དུ་དུག་སེལ་བྱེད་བཞིན་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།