ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གཉིས་ཀྱིས་ཕྱོགས་བརྒྱད་ལ་ལྟ་རྟོག་ནན་མོ་བྱས་ནས་དབུལ་སྒྲོལ་འགག་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པར་ནུས་རྒུས་འགན་སྲུང་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་མིག་ཕྱོགས་ཏེ་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པར་སྟོབས་དང་ལྡན་པའི་སྒྲིག་བཤེར་གྱི་འགན་སྲུང་འདོན་པའི་སྐོར་གྱི་བྱ་བའི་ཇུས་གཞི》པར་འགྲེམས་བྱས་ལ། དེ་ནི་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གཙིགས་འཛིན་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པའི་བཀས་སྐུལ་དང་། འོས་འགན་ཡི་གེ དུས་ཀྱི་རེའུ་མིག ལམ་ཁྲ་བཅས་ལ་ནུས་རྒུས་འགན་སྲུང་གི་བྱ་ཐབས་ཤིག་རེད།

2020ལོ་ནི། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ཆབ་སྲིད་འགན་འཁྲིར་ལྟ་རྟོག་བྱ་བའི་གནད་འགག་གི་ལོ་བཅས་རེད། ཞིང་ཆེན་སྒྲིག་བཤེར་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་བཟུང་སྟེ། དབུལ་སྐྱོར་ཐད་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ནས་རང་འགན་གཙང་སྒྲུབ་གྱི་སྒོ་ནས་དབུལ་ཐར་འགག་སྒྲོལ་ལ་ལྟ་རྟོག་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་གཟུང་རྒྱུ། གོང་འོག་གི་ལྟ་རྟོག་དམ་འཛིན་ནན་འཛིན་དང་། འགན་འཁྲི་ནན་བཅག་ལ་ཤུགས་སྣོན། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་གནད་ལ་འཁེལ་བར་ཤུགས་བརྒྱབ་སྟེ། དབུལ་སྒྲོལ་འགག་གཏོར་དང་བརྟན་སྲུང་བྱ་བའི་གོ་རིམ་ཧྲིལ་པོར་དབུལ་སྐྱོར་ཁྱབ་ཁོངས་སུ་བྱུང་བའི་རུལ་སུངས་དང་བྱ་སྤྱོད་ངན་པའི་རིགས་ལ་ཆེད་དོན་དག་ཐེར་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་དང་ཐབས་མཁས་གནད་ལ་ཕྱོགས་པར་ལྟ་སྐུལ་ཧུར་ཐག་བྱ་རྒྱུ།

ཞིང་ཆེན་སྒྲིག་བཤེར་དང་ལྟ་སྐུལ་ཨུ་ལྷན་གྱིས་རྒྱལ་ཁ་ཕུ་ཐག་ཆོད་པ་དང་བདེ་བླང་ངང་ནས་མཇུག་བསྡུ་བའི་ལས་ཀའི་སྙིང་བོ་དང་གནད་འགག་གི་དུས་འདི་ལས་ཀུན་གྱི་གཙིགས་ཆེན་དུ་བཟུང་སྟེ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གཉིས་ཀྱི་བཀོད་སྒྲིག་དང་འཆར་འགོད་གཉིས་དམིགས་འཛིན་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་གཙོ་བོ་བཀོད་སྒྲིག་དང་སྦྲེལ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་བྱ་སྤྱོད་ངན་པར་ཆེད་དོན་དག་ཐེར་བྱ་རྒྱུ་དང་། དབུལ་ཐར་འགག་སྒྲོལ་གྱི་ལྟ་རྟོག་འགན་སྲུང་གི་འོས་འགན་ཞིབ་ཐོ་ཅན་དང་། འགན་འཁྲི་ཅན། དམིགས་འབེན་ཅན་དུ་བསྒྱུར་ནས་ཕྱོགས་བརྒྱད་ཀྱི་འོས་འགན་གཙོ་བོ་གསལ་འབེབས་ཐོག བྱེ་བྲག་གི་ལས་དོན21ཞིབ་ཕྲར་བཟོ་རྒྱུ་སྟེ། གཅིག་ནས་ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་སྐོར་ཞིབ་ཀྱིས“ཕྱིར་ལྟ”བརྒྱུད་ནས་བཏོན་པའི་གནད་དོན་དམིགས་སུ་བཟུང་ནས་དག་ཐེར་བྱ་བ་དམ་འཛིན་ནན་འཛིན་བྱ་རྒྱུ། གཉིས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་གྲུབ་འབྲས་དམིགས་སུ་བཟུང་ནས་དབུལ་བོ་ལས་ཐར་བ་དོན་དངོས་ཡིན་མིན་ལ་ཞིབ་བཤེར་བྱས་ནས་འགན་ལེན་བྱ་རྒྱུ། གསུམ་ནས་དབུལ་སྒྲོལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་དམིགས་སུ་བཟུང་ནས“མི་ཕུད་པ་བཞི”ཡི་ཆེད་དོན་ལྟ་རྟོག་དང་ཞིབ་བཤེར་ལས་སྒོ་སྤེལ་རྒྱུ། བཞི་ནས་ཤར་ནུབ་ཕྱོགས་གཉིས་ཀྱི་མཉམ་ལས་དང་ཁ་མཐུན་མཚོ་སྐྱོར་གྱི་དབུལ་སྐྱོར་ལས་གཞི་དང་མ་དངུལ་ལྟར་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་བར་སྐུལ་རོགས་བྱ་རྒྱུ། ལྔ་ནས་གནད་འགག་གི་སྣེ་འཁྲིད་པ་ཉུང་ཤོས་ཀྱི་སྣེ་འཁྲིད་ནུས་པར་དམིགས་ནས་གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུས་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅིའི་འཁྲིད་སྒྲུབ་ལས་ཀ་གཏིང་ཟབ་དུ་གཏང་རྒྱུ། དྲུག་ནས་གྱོད་གཞི་རྩད་གཅོད་ལ་དམིགས་ནས་གནད་དོན་གྱི་འབྱུང་སྣེ་དག་སེལ་བྱ་བའི་ལས་སྒོ་སྤེལ་རྒྱུ། བདུན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་སྒྲུབ་བྱ་སྤྱོད་དམིགས་སུ་བཟུང་ནས་སྒྲིག་བཤེར་ཁྲིམས་འཛིན་གྱི་འགན་འཁྲི་ནན་འཛིན་བྱ་རྒྱུ། བརྒྱད་ནས་ཆེད་དོན་བཅོས་སྐྱོང་གི་ཕན་འབྲས་ཇེ་ལེགས་སུ་བཏང་ནས་འཕེལ་རྒྱས་འཐུས་ཤོར་མི་ཡོང་བར་སྐུལ་འདེད་ཧུར་ཐག་བྱ་རྒྱུ།

ལྟ་སྐུལ་འགན་སྲུང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་ཆེད། ཞིང་ཆེན་སྒྲིག་བཤེར་དང་ལྟ་ཞིབ་ཨུ་ལྷན་གྱིས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་དབུལ་སྒྲོལ་འགག་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་འགན་ལེན་བྱ་རྒྱུ་དེ་ལས་འགན་ཡོངས་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་རིམ་པ་བཞིན་དུ་ནན་བཅག་ཐོག ཕན་ཚུན་མཉམ་ལས་དང་གོང་འོག་གཅིག་སྦྲེལ། རིམ་དབྱེ་ཁག་ཁུར་བཅས་མཉམ་ལས་ཀྱི་སྒོ་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ལ་རམ་འདེགས་གང་ལེགས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པར་འགན་སྲུང་སྟོབས་ལྡན་འདོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།